63071
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་ཉེ་དུ་མ་ཡིན་པ་ལ་ཆོས་གོས་སམ་གདིང་བ་འཁྲུ་བ་སོགས་བྱེད་དུ་འཇུག་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བྱིན་གྱིས་བརླབས་པའི་རང་གིས་འཚོ་བའི་ཡོ་བྱད་ཆོས་གོས་གསུམ་དང་གདིང་བ་གང་ཡང་རུང་བ་འཁྲུར་འོས་པ་འཁྲུར་བཅུག་སྟེ་བྱ་བ་རྫོགས་པ་སྤང་ལྟུང་དུ་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་དགེ་སློང་མ་སྤེད་མ་ལ་ཤམ་ཐབས་འཁྲུར་བཅུག་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་ལ་གནོད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |