63078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་པ་ཡིད་ཀྱི་སྲོག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྲོག་རྣམ་པ་བཞིའི་བྱེ་བྲག་ཅིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། སྲོག་ལ་རྣམ་པ་བཞི་ཡོད་དེ། ཞེས་དང་། འཁྲུལ་པ་ཡིད་ཀྱི་སྲོག་མི་མ་ཡིན་གྱི་སྲོག་ཏེ། ཡིད་ལུས་ལ་བརྟེན་པས་དངོས་སུ་བསད་ཅིང་བརྡུང་དུ་མེད་ཀྱང༌། རྫས་སྔགས་ཏིང་ངེ་འཛིན་གྱིས་ཡིད་སེམས་དབང་དུ་བསྡུས་པས་ཁོ་རང་ལ་རང་དབང་མེད་པར་དེའི་སྲོག་ལ་དབང་བྱར་ཡོད་དོ། །ཞེས་གསུངས།
Domain ཆོས་ལུགས།