63080
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟོག་པ་ཇི་སྙེད་པ་ཐམས་ཅད་རང་ཡུལ་ལ་ངོ་བོ་ཉིད་ཀྱིས་རྨི་ལམ་ལྟར་གཞི་མེད་ལ་འཁྲུལ་པས་སྒྲ་དོན་གྱི་གཟུགས་བརྙན་ཤར་བ་དེ་ལ་ཕྱི་རོལ་དོན་དུ་ཞེན་ནས་བརྡ་སྦྱོར་ལ། རྟོག་པ་ལ་ཤར་བའི་གཟུགས་བརྙན་ལ་ཕྱི་རོལ་དོན་དུ་བཏགས་པའི་ཆ་དེ་ནི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ནོ་ཞེས་ཐ་སྙད་དུ་བཏགས་པ་ཡིན་གྱི། དོན་དམ་པར་མ་ཡིན་ནོ། །གཞི་མེད་ཅེས་པའང་དོན་སྤྱི་གཟུང་ཡུལ་དུ་མ་གྲུབ་པ་ལ་བརྗོད་དོ། །ངག་དོན། ཤེས་བྱ་ཆོས་ཅན། དོན་དམ་པར་དངོས་ཀྱི་བརྗོད་བྱ་རྗོད་བྱེད་མེད་ཀྱང་བརྡ་སྦྱར་བ་མི་འགལ་ཏེ། རྟོག་པ་ལ་སྒྲ་དོན་གྱི་གཟུགས་བརྙན་ཤར་བ་ལ་དོན་དུ་ཞེན་ནས་བརྗོད་བྱར་བཏགས་པ་ཡིན་པའི་ཕྱིར། འཁྲུལ་པ་ལ་བརྡ་སྦྱར་བས་རང་མཚན་གོ་བའི་འཐད་པ་ནི། ཤེས་བྱ་ཆོས་ཅན། འཁྲུལ་པ་ལ་བརྡ་སྦྱར་ཡང་དོན་བདེན་པ་གོ་བར་འཐད་དེ། ཐོག་མ་མེད་པ་ནས་སྣང་བརྟགས་གཅིག་ཏུ་འཁྲུལ་པའི་བག་ཆགས་གོམས་པས་བརྡའི་དུས་སུ་རང་མཚན་དང་སྤྱི་སོ་སོར་མ་ཕྱེ་བར་གཅིག་ཏུ་བསྲེས་ནས་བརྡ་སྦྱར་ལ། ཕྱིས་ཐ་སྙད་ཀྱི་དུས་ནའང་རང་སྤྱི་གཅིག་ཏུ་འཁྲུལ་ནས་དོན་རང་མཚན་གོ་བ་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གཡག་སྟོན་གྱི་འོད་སྟོང་འཕྲོ་བ་ལས་སོ། ། |
| Domain | ཚད་མ། |