63083
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབྱིབས་ལ་འཁྲུལ་བ་ནི་མགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་ལོ་འཁོར་བ་ལྟ་བུར་སྣང་བ། ཁ་དོག་ལ་འཁྲུལ་བ་ནི་མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་སྣང་བ་དང༌། རླུང་ནད་ཅན་ལ་གངས་རི་སྔོན་པོར་སྣང་བ་ལྟ་བུ་ཡིན། བྱ་བ་ལ་འཁྲུལ་བ་ནི་གྲུ་ནང་དུ་ཞུགས་པའི་ཐག་ཉེ་རིང་གི་ལྗོན་ཤིང་འགྲོ་བར་སྣང་བ་ལྟ་བུ་ཡིན། གྲངས་ལ་འཁྲུལ་བ་ནི་མིག་གི་དབང་པོའི་ནུས་པ་ཁ་འཐོར་བའི་རྐྱེན་གྱིས་ནམ་མཁའི་ཟླ་བ་གཅིག་ཟླ་བ་གཉིས་སུ་སྣང་བ་ལྟ་བུ། ངོ་བོ་ལ་འཁྲུལ་བ་ནི་མིག་གི་དབང་པོའི་ནུས་པ་ཉམས་པའི་རྐྱེན་གྱིས་བར་སྣང་ནས་སྐྲའི་ཉག་མ་འཛག་པར་སྣང་བ་ལྟ་བུ་ཡིན། དུས་ལ་འཁྲུལ་བ་ནི་རྨི་ལམ་གྱི་སྐབས་སུ་ནམ་ཕྱེད་ན་ཉི་མ་ཤར་བར་སྣང་བ་ལྟ་བུ་ཡིན། བོངས་ཚད་ལ་འཁྲུལ་བ་ནི་རྩ་དང་ཆུ་མེད་པའི་མྱ་ངམ་གྱི་ཐང་དུ་རྒྱང་རིང་པོ་བལྟས་པའི་ཚེ་གོང་བུ་ཆུང་ངུ་ཡང་ཆེན་པོར་སྣང་བ་ལྟ་བུའོ། ། |
| Domain | ཆོས་ལུགས། |