From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཁྲུལ་བ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་རྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་བ། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་བ། རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་བ། སེམས་ཅན་ཡང་དག་པ་ལ་རབ་ཏུ་གནས་པ་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་རྣམས་ལ་བསྙས་ཤིང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ཀུན་ཏུ་སྡུད་པ་བྱང་ཆུབ་སེམས་དཔའི་འཁྲུལ་བའོ།
|
| Domain
|
ཆོས་ལུགས།
|
འཁྲུལ་བ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
མུ་སྟེགས་རྟག་པ། བདེ་བ། གཙང་བ། གཅིག་པུའི་འཛིན་པའོ། །
|