63086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་བ་མོ་རབ་ཏུ་འབྱིན་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་སྨད་འཚོང་མ་རབ་ཏུ་ཕྱུང་བ་ལས་བཅས་སོ། །དགག་བྱ་ནི་འཁྲུལ་པ་མོ་དེ་ཉིད་ཀྱི་སྡོམ་པ་ཉམས་པར་བྱེད་ཅིང་གཞན་རྣམས་མ་དད་པར་འགྱུར་བའོ། །འཁྲུལ་པ་མོ་རབ་ཏུ་འབྱིན་པ་ལ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །འཁྲུལ་པ་མོ་ཞེས་པའི་ལུང་རྣམ་འབྱེད་ལས་སྨད་འཚོང་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། སྨད་འཚོང་མ་བསྡུད་པའི་ལྟུང་བྱེད་དེ། སྐྱོན་ཅན་བསྡུད་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།