63089
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ འཁྲུལ་རྒྱུ་ཡུལ་ལ་ཡོད་པ་ནི། མགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་ལོར་སྣང་བ་ལྟ་བུ། ༢ འཁྲུལ་རྒྱུ་གནས་ལ་ཡོད་པ་ནི། གྲུ་ནང་དུ་ཞུགས་ནས་ཐག་ཉེ་རིང་གི་ལྗོན་ཤིང་འགྲོ་བར་སྣང་བ་ལྟ་བུ། ༣ འཁྲུལ་རྒྱུ་རྟེན་ལ་ཡོད་པ་ནི། མིག་གི་དབང་པོའི་ནུས་པ་ཁ་འཐོར་དང་ཉམས་པའི་རྐྱེན་གྱིས་ཟླ་བ་གཅིག་ཉིད་གཉིས་སུ་སྣང་བ་ལྟ་བུ། ༤ འཁྲུལ་རྒྱུ་དེ་མ་ཐག་རྐྱེན་ལ་ཡོད་པ་ནི། མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་སྣང་བ་དང་། རླུང་ནད་ཅན་ལ་གངས་རི་སྔོན་པོར་སྣང་བ་སྣང་བ་ལྟ་བུའོ། ། |
| Domain | ཆོས་ལུགས། |