63091
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་སྟེ་ཕྱི་ལོ་ ༡༩༩༤ ལོར་རྡོ་ཤུལ་རྐང་ནང་དུ་སྐུ་བལྟམས། འབྲུག་པ་ཆོས་མགོན་རིན་པོ་ཆེ་སྐུ་ཕྲེང་དགུ་པས་འཁྲུལ་ཞིག་སྐྱབས་གནས་ཡང་སྲིད་དུ་ལུང་འཛིན་གནང་། དགུང་གྲངས་བཅུ་གཅིག་བཞེས་སྐབས་ཤིང་སྤྲེལ་སྟེ་ཕྱི་ལོ་ ༢༠༠༤ ལོར་གདན་སར་མངའ་གསོལ། འཁྲུལ་ཞིག་བརྒྱད་པ་གྲུབ་མཆོག་རིན་པོ་ཆེར་གཙུག་ཕུད་ཕུལ་ཏེ། མར་ལུགས་རྒྱུད་སྡེ་རྣམས་ཀྱི་སྨིན་དབང་དང་གཏེར་ཆེན་རཏྣ་གླིང་པའི་ཆོས་སྐོར་གྱི་སྨིན་གྲོལ་ཚང་རྫོགས་སུ་ཞུས་ཤིང་། དགེ་ཚུལ་གྱི་སྡོམ་པ་མནོས། པེ་ཝར་སྤྲུལ་སྐུའི་མདུན་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཡོངས་རྫོགས་གསན། སླར་ཡང་སྐྱབས་མགོན་གྲུབ་མཆོག་རིན་པོ་ཆེ་ཡི་མདུན་ནས་རྡོ་རྗེ་ཕྲེང་བའི་སྨིན་བྱེད་ཚང་བར་ནོད་པ་བཅས་གནང་འདུག། |