63093
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་གི་འཁྲུངས་ཡུལ། སྤྲེལ་ཚྭའི་ཨ་རྡི་དཔོན་ཚང་དུ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་སྟེ་ཕྱི་ལོ་ ༡༩༢༣ ལོར་སྐུ་འཁྲུངས། དགོན་ཞབས་བླ་རྒན་སངས་རྒྱས་བསྟན་འཛིན་གྱི་སྐུ་མཆེད་ཡིན་ཞིང་། ས་སྤྲུལ་དྲུག་པ་རིག་འཛིན་ཆོས་རྒྱལ་བསྟན་པའི་ཉི་མ་དང་། གནས་བསྟན་མཁན་པོ་ངག་དབང་རྣམ་རོལ་སོགས་དམ་པ་དུ་མའི་ཞབས་ལ་བཏུད་ནས་གཞུང་ལུགས་རྣམས་ལ་གསན་བསམ་མཐར་ཕྱིན་པར་མཛད། ཁྱད་པར་ཚུལ་ཁྲིམས་ཀྱི་བསླབ་པ་སྤྱན་འབྲས་ལྟར་བསྲུང་བར་མཛད་ཅིང་བཙུན་པའི་དཔེར་འོས་པ་ཞིག་བཞུགས་པས། ཀུན་གྱིས་དད་གསུམ་ལྷད་མེད་ཀྱིས་གཙུག་ཏུ་བཀུར་ཞིང་སྐྱབས་མགོན་དམ་པར་གྱུར། མཐར་རབ་བྱུང་བཅུ་དྲུག་པའི་ནང་དགུང་གྲངས་ཉེར་བདུན་སྟེང་ངོ་མཚར་བའི་ལྟས་དང་བཅས་ཏེ་དགོངས་པ་རྫོགས། ། |