63095
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་གི་འཁྲུངས་ཡུལ་གསང་སྟོད། སྒོམ་པ་ཚང་སར་སྐུ་བལྟམས། སྐུ་མཆེད་གཉིས་ཡོད་པ་ལས་གཅིག་ཚབ་ཞི་བླ་མ་ཡིན་པ་དེ་ཉིད་ཀྱིས་ཡུམ་བཞེས་ནས་ཁྱིམ་གཞིས་བཟུང་། ཡབ་གཞིས་ཀྱི་རྒྱུ་ནོར་གང་ཡོད་ལས་ཕྱེད་ཙམ་སྐྱབས་གནས་མཆོག་ལ་རྟེན་བཞེངས་ཀྱི་ཐེབས་སུ་ཕུལ་ཏེ་དགོན་དུ་རྟེན་གསུམ་བཞེངས་པ་མཛད། ཁྱིམ་གཞིས་ཀྱི་དད་རྟེན་གཙོ་བོ་ལྷོ་རྟ་ཤོད་བུ་མོའི་དབུ་ཐོད་ལ་ཡི་གེ་རང་བྱོན་ཅན་ཞིག་ཡོད་པ་དེའང་དགོན་དུ་ཕུལ་ཏེ་ནང་རྟེན་གྱི་གཙོ་བོར་བཞུགས། སྐུ་ཚེ་གང་པོར་ཐོས་བསམ་དང་སྒྲུབ་པ་ཉམས་བཞེས་ཁོ་ནས་དུས་འདའ་བར་མཛད་དོ། ། |