63096
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུལ་ཞིག་པ་ཉིད་ཀྱི་རྒྱལ་ཚབ་ཏུ་བཞག་པར་མཛད་པ་འཁྲུལ་ཞིག་སྐྱབས་གནས་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་དང་པོ་ཁྲི་འཛིན་གཉིས་པ་རིན་ཆེན་གྲགས་པ་འདི་ནི། རྫ་གྱིང་ཐང་སྡེ་པར་སྐུ་འཁྲུངས། འཁྲུལ་ཞིག་སྐུ་ཕྲེང་གཉིས་པ་སྐུ་ན་ཕྲ་མོའི་དུས་ཀྱི་རྩེད་གྲོགས་ཡིན་པས། གདན་སར་ལྷན་དུ་གདན་དྲངས་ནས་ཁྲིར་བཀོད། མཆོག་སྤྲུལ་དཔོན་སློབ་གཉིས་ཀས་ཐོས་བསམ་གནད་དུ་སྨིན་པར་མཛད་པས་མཁས་བཙུན་བཟང་པོའི་དཔལ་མངའ་བར་གྱུར། འཁྲུལ་ཞིག་རིན་པོ་ཆེས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་མཛད་པའི་གསང་སྒྲུབ་སྐབས་མཁའ་འགྲོ་མ་སེང་ཧ་མུ་ཁ་ཞལ་གཟིགས་ནས་ཁྱེད་ཀྱི་ཉེ་གནས་འདི་བླ་མ་བ་རི་ལོ་ཙཱ་བའི་རྣམ་འཕྲུལ་ཡིན་པས་སྐྱེད་སྲིང་བྱོས་དང་བསྟན་པ་སྤྱི་སྒོས་ལ་ཕན་ཐོགས་རྒྱ་ཆེར་འབྱུང་ངེས་ཞེས་ལུང་བསྟན་པ་བཞིན་བསྟན་འཛིན་གྱི་སྐྱེས་བུ་དམ་པར་གྱུར། (འཁྲུངས་གཤེགས་ཀྱི་ལོ་ཚིག་མ་རྙེད། ) |