63097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་ཁྲི་འཛིན་གསུམ་པ་ས་སྤྲུལ་སྐུ་ཕྲེང་དང་པོ་འཇམ་དབྱངས་བསྟན་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition འཁྲུལ་ཞིག་ཁྲི་འཛིན་གསུམ་པ། ས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོ་འཇམ་དབྱངས་བསྟན་པའི་རྡོ་རྗེ། འཁྲུལ་ཞིག་འཕྲིན་ལས་རྒྱ་མཚོའི་སྐུ་ཕྲེང་གཉིས་པ་ཕྲིན་ལས་མཆོག་གྲུབ་བམ་པཎྚི་ཏར་གྲགས་པ་འདི་ནི། མདོ་སྔགས་རིག་གནས་ཀུན་ལ་ཆགས་ཐོགས་བྲལ་བའི་མཁས་པ་ཆེན་པོར་གྱུར་ཅིང་། དབུས་གཙང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་གྲྭ་སྐོར་ལ་ཕེབས་སྐབས། ཡི་དམ་ལྷས་གསང་བའི་བདག་པོའི་རྣམ་འཕྲུལ་ཞིག་སློབ་མར་འབྱུང་བ་དེས་བསྟན་པ་སྤེལ་ཞིང་འགྲོ་དོན་འབྱུང་བར་ལུང་བསྟན་པ་བཞིན་གཙང་རྟ་ནག་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་གྲྭ་སྐོར་མཛད་པས་ཆོས་གྲྭ་དེ་ཉིད་ཀྱི་མཁན་པོ་འཇམ་དབྱངས་བསྟན་པའི་རྡོ་རྗེ་ཞུ་བ་དེ་ཉིད། རྗེ་འདི་པར་མི་ཕྱེད་པའི་དད་པ་བརྟན་པོ་སྐྱེས་ནས་རྗེས་སུ་འཛིན་པར་ཞུས་པས་ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ། ཁོང་ཡང་ལྷན་དུ་གདན་ས་འདི་ཉིད་དུ་ཕེབས་ཤིང་བཞུགས་ནས། དཔལ་ལྡན་འབྲུག་པའི་གདམས་ཟབ་ཐུན་མོང་མ་ཡིན་པ་མཐའ་དག་གསན་ཅིང་ཐུགས་ཉམས་སུ་བསྟར་བས། ལམ་རྟགས་ཀྱི་ཡོན་ཏན་ཁྱད་པར་བ་རྣམས་རྫོགས་ཤིང་མཁས་གྲུབ་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་བཞུགས་པ་ལ། ཀུན་གྱིས་ས་སྐྱ་སྤྲུལ་སྐུ་ཞེས་འབོད་པས་ན་ཕྱིས་མཚན་ཡང་ས་སྤྲུལ་ཞེས་གྲགས། འདི་པ་ནི་ས་སྐྱ་ཀུན་མཁྱེན་གོ་བོ་རབ་འབྱམས་པའི་སྤྲུལ་སྐུ་ཡིན་ཅིང་། སྤྲུལ་བརྒྱུད་མང་ཙམ་བྱུང་ཞེས་པ་ལས་རེ་རེ་བཞིན་ཞིབ་ཏུ་འགོད་པའི་ཡིག་ཆ་མ་རྙེད།

{{#arraymap:འཁྲུལ་ཞིག་ཁྲི་འཛིན་གསུམ་པ་ས་སྤྲུལ་སྐུ་ཕྲེང་དང་པོ་འཇམ་དབྱངས་བསྟན་པའི་རྡོ་རྗེ་

|; |@@@ | | }}