6310
< Dictionaries | Monlam Grand
Jump to navigation
Jump to search
Part of speech | བྱ་ཚིག |
---|---|
Definition | ཤིང་སོགས་དུམ་པར་གཏུབ་པའི་དོན། |
Transitive | བྱ་བྱེད་ཐ་དད་པ། |
Future | [གཅད།, ཤིང་གཅད་པར་འགྱུར།] |
Present | [གཅོད།, བཀྲ་ཤིས་ཀྱིས་སྟ་རེས་ཤིང་གཅོད་བཞིན་པ།] |
Past | [བཅད།, ཤིང་བཅད་ཟིན།] |
Imperative | [ཆོད།, ཤིང་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | སྲོག་ལེན་པའམ་གསོད་པའི་དོན། |
Future | [གཅད།, དོན་མེད་དུ་སུས་ཀྱང་སྲོག་གཅད་མི་ཆོག] |
Present | [གཅོད།, ལོག་པའི་ལྟ་བས་རྒྱུད་བརླམས་ཏེ་དོན་མེད་ཀྱི་སེམས་ཅན་མང་པོའི་སྲོག་གཅོད་བཞིན་པ།] |
Past | [བཅད།, སྲོག་བཅད་ནས་ཉེས་པ་བསགས།] |
Imperative | [ཆོད།, མ་རུང་པའི་སྲོག་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | བྱ་བའམ་དངོས་པོ་ཞིག་གི་བར་མཚམས་འཇོག་ཏུ་འཇུག་པའི་དོན། |
Future | [གཅད།, ལས་མཚམས་གཅད་མི་རུང་།] |
Present | [གཅོད།, རྣམ་གཡེང་གིས་སློབ་གཉེར་ལ་བར་དུ་གཅོད་བཞིན་པ།] |
Past | [བཅད།, མི་ངན་དང་འབྲེལ་བ་བཅད།] |
Imperative | [ཆོད།, ད་ནས་མི་ངན་ལ་འབྲེལ་བ་ཆོད་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | མེད་པ་བཟོ་བའམ་རྩད་ནས་སྤོང་བའི་དོན། |
Future | [གཅད།, བཟའ་མི་གཉིས་ཀྱི་འབྲེལ་བ་གཅད་དགོས།] |
Present | [གཅོད།, བླ་མའི་སྐུ་དྲུང་ནས་ཆང་རག་དང་ཐ་མག་གཅོད་བཞིན་ཡོད།] |
Past | [བཅད།, ཐ་མག་བཅད།] |
Imperative | [ཆོད།, ཐ་མག་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | ཆུ་སོགས་ཀྱི་རྒྱུན་འགོག་པའི་དོན། |
Future | [གཅད།, རགས་བརྒྱབ་ནས་ཆུ་རྒྱུན་གཅད་དགོས།] |
Present | [གཅོད།, ཆུ་ལམ་གཅོད་བཞིན་པ།] |
Past | [བཅད།, ནུབ་ཕྱོགས་བདུད་རྩིའི་ཆུ་རྒྱུན་བཅད།] |
Imperative | [ཆོད།, ཤར་ཕྱོགས་ཀྱི་ཆུ་ལམ་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | སེམས་ནང་ལ་གཏན་འཁེལ་བའམ། གཏན་ལ་འབེབས་པའི་དོན། |
Future | [གཅད།, གལ་ལ་ཐུག་དུས་སེམས་ཐག་གཅད་དགོས།] |
Present | [གཅོད།, སེམས་ཐག་གཅོད་མཁན་གྱི་དཔའ་བོ།] |
Past | [བཅད།, སེམས་ཐག་བཅད་ཚར།] |
Imperative | [ཆོད།, གནད་དོན་ཐག་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | ལག་བསྟར་རམ་ལག་ལེན་ལ་འདེབས་པའི་དོན། |
Future | [གཅད།, ནག་ཅན་ལ་ཉེས་ཆད་ནན་མོ་གཅད་དགོས།] |
Present | [གཅོད།, ཆད་པ་གཅོད་མཁན་གྱི་ཁྲིམས་དཔོན།] |
Past | [བཅད།, ཆད་པ་བཅད་ཟིན།] |
Imperative | [ཆོད།, ཉེས་པ་དང་མཐུན་པའི་ཆད་པ་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | རྗེས་སུ་སྙེག་པའམ་རྩད་གཅོད་གཏོང་བའི་དོན། |
Future | [གཅད།, བླ་མའི་ཡང་སྲིད་རྩད་གཅད་དགོས།] |
Present | [གཅོད།, སྒོ་ཕྱུགས་ཇག་པས་དེད་པའི་རྗེས་གཅོད་སྐབས།] |
Past | [བཅད།, བོར་སྟོར་རྩར་བཅད་ཟིན།] |
Imperative | [ཆོད།, འགྲུལ་བཞུད་ཀྱི་རྗེས་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | དབྱེ་འབྱེད་དང་དཔྱད་པ་བྱེད་པའི་དོན། |
Future | [གཅད།, གཞུང་དོན་གྱི་མཐའ་གཅད་རྒྱུ་ཧ་ཅང་དཀའ།] |
Present | [གཅོད།, བདེན་དོན་གྱི་མཐའ་གཅོད་བྱེད་རིག་པ་ཡིན།] |
Past | [བཅད།, གྲུབ་མཐའ་མང་པོའི་གནད་འགག་ཐག་བཅད་ཟིན།] |
Imperative | [ཆོད།, གང་བདེན་མིན་རིག་པས་མཐའ་ཆོད་ཅིག་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | བྱ་ཚིག |
---|---|
Definition | ས་ཐག་རིང་པོར་འགྲོ་བའི་དོན། |
Transitive | བྱ་བྱེད་ཐ་མི་དད་པ། |
Future | [གཅད།, རྐང་ཐང་ལ་བྱང་ལམ་གཅད་རྒྱུ་སླ་མོ་མིན།] |
Present | [གཅོད།, དགུང་གནམ་འཕང་གཅོད་སྐབས་སྐྱིད་ཅིག་ཡོད།] |
Past | [བཅད།, ལམ་ཐག་རིང་པོ་བཅད་ནས་འགྲོ་ཚར།] |
Imperative | [ཆོད།, དགུང་གནམ་འཕང་ཆོད་ཅིག་རྒོད་པོ་ལགས་ལྟ་བུ།] |
{{#arraymap:གཅོད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཕ་དམ་པ་སངས་རྒྱས་ནས་བརྒྱུད་པའི་ཆོས་བརྒྱུད་ཅིག་སྟེ། དེ་ལ་ཕོ་གཅོད་མོ་གཅོད་རིགས་གཉིས་ཡོད་ཅིང་། མོ་གཅོད་དམ་མ་ཅིག་ལབ་སྒྲོན་གྱིས་སྤེལ་པའི་གཅོད་ལུགས་ཀྱི་གདམས་པ་ནི་བོད་ཀྱི་ཆོས་བརྒྱུད་ཁག་ཚང་མས་ཉམས་ལེན་གནང་བཞིན་ཡོད། དེའི་སྐོར་ཅུང་རྒྱས་ཙམ་ཞིག་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་བྱ་བའི་ནང་། ཞི་བྱེད་པའི་ཡ་གྱལ་གཅོད་ལུགས་ནི། དེ་ཡང་གཅོད་ཅེས་བྱ་བའི་སྒྲ་དོན་ནི། གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་གཅོད། ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་དུ་བཏགས་ལ། ཡང་སྤྱོད་ཅེས་ཀྱང་བྱ་སྟེ། རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་དེ་ལྟར་དུ་གྲགས་སོ། །གདམས་པ་འདི་ཡང་ཐོག་མར་དམ་པ་སངས་རྒྱས་ལས་བྱུང་བ་སྟེ། དམ་པ་བོད་དུ་ལན་གསུམ་པ་བྱོན་པའི་དུས་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང༌། ཡར་ལུང་པ་སྨ་ར་སེར་པོ་གཉིས་ལ་གཅོད་ཀྱི་གདམས་པ་གནང༌། སྨ་ར་སེར་པོ་རང་གི་ཉེ་གནས་སྨྱོན་པ་སེ་རོང༌། དེས་ཙེ་སྟོན་སུམ་སྟོན་གཉིས། ཙེ་སྟོན་གྱིས་གཉན་སྟོན། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ། དེས་གཙང་སྟོན། དེས་གཉན་སྟོན་སོགས་ལ་གནང༌། དེ་དག་ལས་མཆེད་པ་ལ་ཕོ་གཅོད་དང༌། སྐྱོ་སྟོན་བསོད་ནམས་བླ་མས་ལབ་སྒྲོན་ལ་གནང་སྟེ། དེ་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས་སོ། །མ་གཅིག་ལབ་ཀྱི་སྒྲོན་མ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་སོགས་ནས་ལུང་བསྟན་ཅིང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་གཟུགས་སུ་བྱོན་པ་སྟེ་གཅོད་ཀྱི་གདམས་པས་བོད་ཡུལ་ཐམས་ཅད་ཁྱབ་པར་མཛད་དོ། །མ་ཅིག་ལ་སྲས་དང་སྲས་མོ་འགའ་བྱུང་བ་ལོ་རྒྱུས་རྣམས་སུ་འདྲེན་ལུགས་མི་འདྲ་བར་སྣང་བ་ལས། ཐོད་སྨྱོན་བསམ་འགྲུབ་ནི་ལ་ལས་མ་ཅིག་གི་སྲས་དང༌། འགའ་ཞིག་གིས་ཚ་བོ་དང་ཡང་ཚར་བཤད་ཀྱང་ལོ་རྒྱུས་ཁུངས་མ་ཕལ་ཆེར་ན་སྲས་ཡིན་པ་བྱས་འདུག གང་ལྟར་ཡང་གྲུབ་ཐོབ་ཆེན་པོར་གྱུར་པས་སློབ་མ་གྲུབ་ཐོབ་ཕོ་མོ་ཉི་ཤུ་རྩ་གཅིག སྲས་མོ་གྲུབ་ཐོབ་བཅོ་བརྒྱད་སོགས་བྱོན་ཅིང༌། དེ་དག་ལས་གདམས་པ་རྒྱ་ཆེར་དར་བར་གྱུར་ཏོ། །ལབ་སྒྲོན་ལ་སློབ་མ་མཆོག་བཞི་ཟེར་ཡང༌། གདམས་པའི་རྒྱུན་ཁུ་སྒོམ་ཆོས་སེང་ལས་བརྒྱུད་པ་དར་ཆེ་ཞིང༌། དེང་སང་གི་བར་དུ་མ་ནུབ་པར་བཞུགས་སོ། །ཕྱིས་སུ་གཏེར་ནས་བཏོན་པའི་གཅོད་ཀྱི་གདམས་པ་འགའ་ཞིག་ཀྱང་བྱུང་འདུག་ཅིང༌། རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་དག་སྣང་དུ་མ་གཅིག་དང་མཇལ་ནས་གནང་བ་རྒྱལ་ཐང་ལུགས་དང༌། རྟོགས་ལྡན་སྣ་ཚོགས་རང་གྲོལ་ལ་གནང་བ་སྙན་བརྒྱུད་ལམ་ཟབ་སོགས་མང་པོ་ཞིག་དར་རོ། །རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྩལ་བའི་འཇམ་དབྱངས་ཆོས་སྐོར་དུ་ཁྲོས་ནག་གི་བྱིན་རླབས་དང་གཅོད་ཀྱི་མན་ངག་བཞུགས་པ་རྒྱལ་བ་དབེན་ས་པ་ནས་རིམ་པར་བརྒྱུད་དེ་དེང་སང་དགེ་ལུགས་ཕྱོགས་སུ་དར་རྒྱས་ཆེ། |
{{#arraymap:གཅོད་
|; |@@@ | | }}