63110

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་དགོན་དབུ་ཆེན་རྒན་བསྟན་འཛིན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་ནི་མཁས་བཙུན་བཟང་པོའི་དཔལ་མངའ་བ་ནང་ཆེན་འཁྲུལ་ཞིག་དགོན་གྱི་དབུ་ཆེ་དང་། ནང་ཆེན་ཚེས་བཅུ་དགོན་པའི་སྐྱབས་མགོན་ཨ་ལྡེའུ་རིན་པོ་ཆེ་མཆོག་ནས་ཆེད་དུ་གདན་ས་འདིར་བླ་བསྐོས་མཛད་པ་ལྟར། རྒན་མཆོག་ནས་ཀྱང་ཐུགས་ཁུར་ཆེ་བཞེས་ཀྱིས་དགོན་པའི་སྒྲིག་ཁྲིམས་པའི་འགན་ཁུར་ཆེ་ཕྲ་ཡོངས་རྫོགས་ལྷུར་ལེན་གནང་ཞིང་། དགོན་པའི་སྐུ་རྟེན་རིགས་ཐམས་ཅད་དང་། ཞལ་ཐང་གི་སྐོར་སྲུང་མ་རྣམས་ཀྱི་ཞལ་འབག་ཆ་ཚང་བླ་རྡོ་སྲོག་འཁོར་དང་བཅས་ཁྱབ་སྤེལ་གནང་། ལྷག་པར་དུ་དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་དཀྱིལ་ཆོག་ཆ་ཚང་གི་དཀྱིལ་འཁོར་བརྒྱ་ལྷག་སྤུས་ལེགས་ཚད་ལྡན་གསར་བཞེངས་མཛད་བཞིན་པའི་མུར་སྐྱེ་འགྲོའི་བསོད་ནམས་ཀྱིས་མ་ཆུན་པར་སྤྱི་ལོ་ ༢༠༠༧ ལོར་དགོངས་པ་ཞི་བར་གཤེགས་སོ། །