63111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་ཞིག་དར་མ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཆུ་ལུག་ཕྱི་ལོ་ ༡༢༢༣ ལོར་ཡབ་ཤེས་རབ་འོད་དང་། ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་ཡི་གེའི་འབྲི་ཀློག་མཁས་པར་སྦྱངས། ཆུང་དུས་ནས་གང་ལ་ཡང་ཞེན་འཛིན་མེད་པས་འཁྲུལ་ཞིག་ཏུ་མཚན་ཐོགས། བཅུ་གཉིས་པར་སོ་བ་ལས་མདོ་དབང་ཞུས། བཅོ་ལྔ་པར་དགེ་བཤེས་ཀུན་དགའ་ལས་མངོན་རྟོགས་རྒྱན་དང་རྨ་ལུགས་སོགས་གསན། ཉེར་གཅིག་པར་བདེ་གཤེགས་ཆེན་པོ་ལས་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ཐམས་ཅད་ཞུས། ཉེར་དགུ་པར་རྩེ་བ་སྒང་དུ་བཞུགས་ནས་སློབ་མ་མང་པོ་བསྐྱངས། དགོན་སྐོར་གསུམ་གྱི་བླ་གྲྭ་རྣམས་ལ་ཆོས་ཀྱི་བགྲོ་གླེང་མཛད་པས་འཁྲུལ་ཞིག་པའི་གདན་སར་འོས་པར་ཐག་བཅད། སུམ་ཅུ་པར་གདན་ས་བསྐྱངས། སོ་གཉིས་པར་འབྲི་གུང་དུ་ཆོས་རྗེ་སྤྱན་སྔ་བ་དང་ལྷ་དཀོན་མཆོག་འཕེལ་བ་ལས་རབ་ཏུ་བྱུང་། ཞེ་གསུམ་པར་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལས་གདམས་པ་མང་དུ་ཞུས། ཞེ་ལྔ་པར་རྩེ་སྒང་གི་གདན་སར་ཕེབས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས། གདན་ས་ལ་སྤྱན་སྔ་འཚལ་བ་བསྐོ་བཞག་མཛད་དེ་ཟུར་སྟོད་དུ་ཐུགས་དམ་འབའ་ཞིག་མཛད་ནས་བཞུགས། གྱ་གཅིག་པ་ རབ་བྱུང་ལྔ་པའི་ཆུ་ཡོས་ཕྱི་ལོ་ ༡༣༠༣ ལོར་སྐུ་གཤེགས། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན།