63112
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་གཞན་ཙ་རི་བ་ཆེན་པོ་ཡོན་ཏན་སངས་རྒྱས་ཟེར། མཉམ་མེད་མཁྱེན་བརྩེ་རྟོགས་ལྡན་གྱི་ཞལ་སློབ་གྲུབ་ཆེན་དཀོན་བསམ་པ་དང༌། མཁས་གྲུབ་ལེགས་པ་རིན་ཆེན་གཉིས་ལས་འབྲུག་སྐོར་གྱི་གདམས་པ་མ་ལུས་པར་གསན། རྣམ་པར་རྟོག་པའི་དངོས་པོ་ཇི་སྙེད་པ་ཐམས་ཅད་མི་རྟོག་ཆོས་ཉིད་ཀྱི་ངང་དུ་ཞི་བས་འཁྲུལ་པ་ཀུན་ཞིག་ཏུ་གྱུར། ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གོམས་པས་ཆོས་སྐུའི་རྒྱལ་ས་ཆེན་པོར་མངའ་བརྙེས། གདུལ་བྱ་རྣམས་ལ་སྨིན་གྲོལ་མཆོག་འདོམས་ཤིང༌། ཁྱད་པར་མོས་གུས་ཕྱག་རྒྱ་ཆེན་པོའི་བཀའ་བབ་ཀྱི་བརྒྱུད་པར་འདི་གཙོ་ཆེ་བ་ཡིན་ཡང་རྣམ་ཐར་ཞིབ་མོར་མ་འཚལ་ཞེས་སྒྲུབ་སྤྲུལ་གསུང༌། ལྷོའི་ཆོས་འབྱུང་ལས། འཁྲུལ་ཞིག་ཆེན་པོ་ནམ་མཁའི་རྣལ་འབྱོར་ཀྱང༌། ལྗོངས་འདིར་བྱོན་ནས་ཐིམ་གཞུང་རི་བོའི་སྤོ་ལ་དུད་དགོན་པའི་གདན་ས་བཏབ། དེའི་ཉེ་འདབས་མདོ་སྡེ་བྲག་མགོར་སྒྲུབ་སྡེ་བཏབ་སྟེ་དོན་བརྒྱུད་ཀྱི་བསྟན་པ་བསྐྱངས་ནས། སྤོང་བ་བསམ་གཏན་པའི་ཆོས་སྒར་ཆེན་པོ་ཆགས་ཤུལ་ད་ལྟ་ནགས་ཚལ་དུ་ཡོད་ཅེས་གསུངས་སོ། ། |