63114
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བཞི་པའི་སྨད་དུ་གནས་ནང་དང་ཉེ་བའི་གཡུ་མ་ཞེས་པར་འཁྲུངས། སྤྱིར་བླ་མ་མང་དུ་བསྟེན་ཏེ། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ལྷག་ཏུ་ཞྭ་དམར་་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ་ལས་གདམས་ངག་མང་དུ་གསན། ཉམས་རྟོགས་འཁྲུངས། གནས་ནང་གི་གདན་སར་བཞུགས། འཆད་ཉན་གྱི་གཙོ་འགན་བཞེས། ཆོས་རྗེ་མཁའ་སྤྱོད་དབང་པོའི་གསུང་ལ་ཟིན་བྲིས་མཛད། བསྙེན་སྒྲུབ་ཀྱི་ཁྲིད་ཡིག་ཆེན་མོ་ལ་སོགས་མཛད། སློབ་མ་གཙོ་བོ་ནི་སློབ་དཔོན་བླ་མ་རྒྱལ་མཚན་ཡིན། |