63115
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུལ་ཞིག་དགོན་གྱི་མཆོག་སྤྲུལ་དོན་བརྒྱུད་བསྟན་འཛིན་ནི། འབྲུག་པ་ཆོས་མགོན་དགུ་པ་མཆོག་ནས། འཁྲུལ་ཞིག་དགོན་གྱི་སྔོན་བྱོན་སྒྲུབ་པའི་དབང་ཕྱུག་རྒྱལ་ཚང་རྟོགས་ལྡན་གྱི་ཡང་སྲིད་དུ་ངོས་འཛིན་གནང་ནས། ཆེད་དུ་ཞུ་བསྐུལ་མ་དགོས་པར་དམིགས་བསལ་གྱི་ངོས་འཛིན་གསལ་པོར་གནང་བའི་མཆོག་སྤྲུལ་དོན་བརྒྱུད་བསྟན་འཛིན་མཆོག་གདན་སའི་ཁྲིར་འཁོད་ཅིང་། འཁྲུལ་ཞིག་བརྒྱད་པ་ཨ་ལྡེའུ་རིན་པོ་ཆེའི་དྲུང་ནས་སྡོམ་པ་གསུམ་གྱི་བསླབ་པ་ལེགས་པར་ནོད་པ་མ་ཟད་རང་ལུགས་གཙོས་གསར་རྙིང་རྒྱུད་སྡེ་མང་པོའི་གདམས་ངག་དུ་མ་ཐོབ་ཅིང་། བསྙེན་སྒྲུབ་ཉམས་བཞེས་མུ་མཐུད་གནང་བ་དང་ཆབས་ཅིག དགོན་པའི་ཚོགས་པ་དུས་མཆོད་སྒྲིགས་ལམ་སོགས་ལ་ཐུགས་འཁུར་དམ་འཛིན་ལེགས་པར་མཛད་བཞིན་པ་བཅས་སོ། ། |