63126
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ལྕགས་འདྲའི་འཁྲུལ་འཁོར་གྱི་བྱེ་བྲག འཁྲུལ་འཁོར་ཆེན་མོ་གསང་བ་དགུ་སྐོར་ནི། འཁྲུལ་འཁོར་བསྐོར་བ། འཁྲུགས་སྡེབ་པ། གཞུང་བསྲང་བ་གསུམ་དང། ཁམས་གསུམ་དབང་སྡུད་ཆེ་འབྲིང་ཆུང་གསུམ་སྟེ་རྩ་བ་གསུམ་དང་། སྒྲོལ་བའི་མདུང་ཐུང་། གསོད་པའི་སྤུ་གྲི། སྤྲུ་གྲི་ནག་པོ་སྟེ་ཁ་སྐོང་གསུམ་བཅས་དགུར་གསུངས་ཤིང་། ཡང་། ལྕགས་འདྲ་ནི་ཕྱི་ནང་གསང་བ་དགུ་བསྐོར་གྱི་གཞུང་སྟེ། ཕྱིའི་ཕྱི་ནང་གསང་བ་དང་། ནང་གི་ཕྱི་ནང་གསང་བ་དང་། གསང་བའི་ཕྱི་ནང་གསང་བའོ། །དེ་ལ་སྐོར་ལུགས་གསུམ་སྟེ། ཕྱིའི་ཕྱི་ནང་གསང་གསུམ་མི་རེད་འགྲོས་སུ་བསྐོར་བ་དང་། ནང་གི་ཕྱི་ནང་གསང་གསུམ་ཕྱི་རུས་སྦལ་འགྲོས་སུ་བསྐོར་བ་དང་། གསང་བའི་ཕྱིང་གསང་གསུམ་ཕྱི་ནང་དབུས་མཐའ་མེད་པར་གླང་པོའི་འགྲོས་སུ་བསྐོར་བའོ། །ཞེས་བཀའ་བརྒྱད་རྣམ་བཤད་དུ་གསུངས། |
| Domain | ཆོས་ལུགས། |