63133

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུལ་རྒྱུ་ (1)
Part of speech མིང་ཚིག
Definition ཁྲུལ་ཤེས་སྐྱེད་བྱེད་ཀྱི་རྒྱུའམ་རྐྱེན་ཏེ། བདག་མེད་བདག་ཏུ་འཛིན་པ་སོགས་ཆོས་ཀྱི་ཚུལ་ཅི་བཞིན་མི་ཤེས་པའི་རྨོངས་པ་ཕུགས་ཀྱི་འཁྲུལ་རྒྱུ་དང༌། དབང་པོ་བསླད་པ་སོགས་འཕྲལ་གྱི་འཁྲུལ་རྒྱུ་རྣམས་ཏེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འཁྲུལ་རྒྱུ་ནི་རྣམ་པ་བཞི་སྟེ། (འཁྲུལ་རྒྱུ་གནས་ལ་ཡོད་པ། རྟེན་ལ་ཡོད་པ། ཡུལ་ལ་ཡོད་པ། དེ་མ་ཐག་རྐྱེན་ལ་ཡོད་པའོ། །) ཞེས་གསུངས།
Domain ཚད་མ།