63136
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུལ་ཤེས་སྐྱེ་བའི་རྒྱུ་རྣམ་པ་བཞི་གནས་ལ་ཡོད་པ། གྲུར་ཞུགས་པའི་དབང་གིས་ལྗོན་ཤིང་འགྲོ་སྣང་གི་ཤེས་པ་ལྟ་བུ་དང༌། རྟེན་ལ་ཡོད་པ། མིག་དབང་ལ་རབ་རིབ་ནད་བྱུང་བའི་དབང་གིས་སྐྲ་ཤད་འཛག་པར་སྣང་བའི་དབང་ཤེས་ལྟ་བུ། ཡུལ་ལ་ཡོད་པ། མགལ་མེ་མྱུར་དུ་བསྐོར་བའི་དབང་གིས་འཁོར་ལོར་སྣང་བའི་ཤེས་པ་ལྟ་བུ། དེ་མ་ཐག་རྐྱེན་ལ་ཡོད་པ། ཞེ་སྡང་དྲག་པོས་ཡིད་ཤེས་འཁྲུལ་བའི་བློ་ལྟ་བུའོ། ། |
| Domain | ཚད་མ། |