From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཁྲུལ་ཤེས་ (1)
| Part of speech
|
མིང་ཚིག
|
| Definition
|
རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འཁྲུལ་ཤེས་ཀྱི་མཚན་ཉིད། དེ་མ་ཡིན་པ་ལ་དེར་འཛིན་གྱི་ཤེས་པ། དབྱེ་ན་(རྟོག་པ་འཁྲུལ་ཤེས་དང་རྟོག་མེད་འཁྲུལ་ཤེས་)གཉིས། ཞེས་གསུངས།
|
| Domain
|
ཚད་མ།
|
འཁྲུལ་ཤེས་ (2)
| Part of speech
|
མིང་ཚིག
|
| Definition
|
འཁྲུལ་ཤེས་ཞེས་པ་ནི། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཤེས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ་འཁྲུལ་ཤེས་ཀྱི་མཚན་ཉིད། དེ་དང་མངོན་སུམ་ལྟར་སྣང་དོན་གཅིག དེ་ལ་དབྱེ་ན། རྟོག་པར་གྱུར་པའི་འཁྲུལ་ཤེས་དང། རྟོག་མེད་དུ་གྱུར་བའི་འཁྲུལ་ཤེས་གཉིས་ལས། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཞེན་རིག་དང་པོའི་མཚན་ཉིད། དེ་དང་རྟོག་པ་དོན་གཅིག རང་གི་སྣང་ཡུལ་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་རིག་པ་གཉིས་པའི་མཚན་ཉིད། དེ་དང་རྟོག་མེད་ལོག་ཤེས་དོན་གཅིག་ཞེས་གསུངས།
|