63229
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགག་གཞི་ཡི་སྟེང་དུ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ན་སྐབས་དེའི་ཕྱི་རྒོལ་དེས་སྤྱིར་སྣང་དུ་རུང་ཞིང་། དགག་བྱའི་ཆོས་དེའི་རྒྱུ་དང་འགལ་བའམ། དགག་བྱའི་ཆོས་དེའི་ཁྱབ་བྱེད་དང་འགལ་བའམ། དགག་བྱའི་ཆོས་དེ་དང་དངོས་སུ་འགལ་བའམ། དགག་བྱའི་ཆོས་དེ་དང་འགལ་བའི་འབྲས་བུའམ། དགག་བྱའི་ཆོས་དེའི་འབྲས་བུ་དང་འགལ་བའམ། དགག་བྱའི་ཆོས་དེའི་རྒྱུ་དང་འགལ་བའི་འབྲས་བུ་གང་ཡང་རུང་བ་ཞིག་རྟགས་སུ་སྦྱོར་བའི་འགལ་དམིགས་ཀྱི་རྟགས་ཡང་དག་དེ་དང་དེའི། རྟགས་དེ་ཡིན་ན། བསལ་བ་དེ་ཡིན་པའི་ཁྱབ་པ་ངེས་པར་བྱེད་པའི་ཚད་མ་ཞིག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། འགལ་བའི་དངོས་པོ་ཡོད་ན་ཡང་། །དེ་ཡོད་པ་ལ་གནོད་བྱེད་ཕྱིར། །ཞེས་སོགས་ཀྱིས་འགལ་དམིགས་ཀྱི་རྟགས་ཡང་དག་གི་ཁྱབ་པ་ངེས་ཀྱེད་ཀྱི་ཚད་མ་དེ་འཆད་པའི་ཕྱིར། |
| Domain | ཚད་མ། |