63233

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་བ་ (1)
Part of speech མིང་ཚིག
Definition ཆོས་གཉིས་གནོད་བྱ་གནོད་བྱེད་དུ་ཆགས་པ་སྟེ།
Keyword True
Example མེ་ཆུ་ལྟ་བུ།
Antonyms འབྲེལ་བ།
འགལ་བ་ (2)
Part of speech མིང་ཚིག
Definition ཤ་འཁོན་ནམ། སྙིང་ནད་བཅངས་ནས་མི་མཐུན་པ་སྟེ།
Keyword True
Example རྒྱལ་བློན་བར་གྱི་འགལ་བ། མི་སྒེར་གྱི་འགལ་བ་ཞེས་པ་ལྟ་བུ།
འགལ་བ་ (3)
Part of speech མིང་ཚིག
Definition ས་མོ་གླང་།
Domain རྩིས་རིག
འགལ་བ་ (4)
Part of speech མིང་ཚིག
Definition འགལ་བའི་མཚན་ཉིད་ནི། ཆོས་གང་ཞིག གནོད་བྱ་གནོད་བྱེད་དུ་གྱུར་པ།
Example འདི་ན་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །འགལ་བ་དེ་ཡང་ཇི་ལྟར་རྟོགས་ཞེ་ན། འགའ་ཞིག་ཏུ་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལས་གཞན་ཡོད་ན་མེད་པའི་ཕྱིར་འགལ་བར་རྟོགས་ཏེ། དཔེར་ན་གྲང་བ་དང་དྲོ་བའི་རེག་པ་བཞིན་ནོ། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་ནོ། །དབྱེ་ན། འགལ་ཟླ་དངོས་པོར་ཡོད་པའི་ཡུལ་གྱི་དབྱེ་བ་ལ་ལྟོས་ནས་ལྷན་ཅིག་མི་གནས་འགལ་དང་། འགལ་ཟླ་དངོས་པོར་མེད་པའི་ཡུལ་གྱི་དབྱེ་བ་ལ་ལྟོས་ནས་ཕན་ཚུན་སྤངས་འགལ་གཉིས་སོ། །ཕན་ཚུན་སྤངས་འགལ་དང་ལྷན་ཅིག་མི་གནས་འགལ་གཉིས་པོ་ནི། གཅིག་གི་ནང་དུ་གཅིག་འདུས་པ་མེད་དེ། ཕན་ཚུན་སྤངས་འགལ་གྱིས་གཅིག་པ་འགེགས་པར་བྱེད་ལ། ལྷན་ཅིག་མི་གནས་འགལ་གྱིས་གནས་པ་འགེགས་པར་བྱེད་པས་བྱེད་པ་ཐ་དད་པའི་ཕྱིར་དང་། ཕན་ཚུན་སྤངས་འགལ་ནི་དངོས་པོ་དང་དངོས་མེད་མཐའ་དག་ལ་འཇུག་ལ། ལྷན་ཅིག་མི་གནས་འགལ་ནི་དངོས་པོ་འབའ་ཞིག་ལ་འཇུག་པས་ཡུལ་ཡང་ཐ་དད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གཡག་སྟོན་གྱི་འོད་སྟོང་འཕྲོ་བ་ལས་སོ། ། འགལ་བའི་མཚན་ཉིད་ནི། ཆོས་གང་ཞིག ཆོས་གཞན་ལ་གནོད་པར་བྱེད་པ་ཞེས་གསུངས་པ་ནི་གཞི་ལ་མ་བཀར་བའི་སྐྱ་རིས་ཙམ་ཡིན་ལ། གཞི་ལ་བཀར་ན། ཆོས་གང་ཞིག་ཆོས་གཞན་ལ་གནོད་པར་བྱེད་པ་དེ་ཆོས་གཞན་དེ་དང་འགལ་བའི་མཚན་ཉིད་ཡིན་ནོ། །དུ་བ་མཚན་གཞིར་བཟུང་ནས་མེ་དང་འབྲེལ་ཞེས་འཇོག་པ་བཞིན་དུ་གནོད་བྱེད་མཚན་གཞིར་བཟུང་ནས་གནོད་བྱ་དེ་དང་འགལ་ཞེས་འཇོག་དགོས་སོ། །འདི་ལ་ཡང་གཞི་གཅིག་གི་སྟེང་དུ་མ་བཟུང་བར་སྤྱི་ཙམ་གྱི་དབང་དུ་བྱས་ན་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་ནི། རྟག་མི་རྟག་ལྟ་བུའོ། །གནོད་བྱེད་ཁོ་ན་ཡིན་པ་ནི། བདག་མེད་རྟོགས་པའི་ཤེས་རབ་དེ་བདག་འཛིན་ལ་གནོད་བྱེད་ཁོ་ན་ཡིན་པ་ལྟ་བུའོ། །གནོད་བྱ་ཁོ་ན་ཡིན་པ་ནི། དེ་ལས་ལྡོག་པ་ལྟ་བུའོ། །གཞི་གཅིག་གི་སྟེང་དུ་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་ནི་མི་སྲིད་དེ། བུམ་པའི་སྟེང་དུ་རྟག་པས་མི་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་དང་། ནམ་མཁའི་སྟེང་དུ་མི་རྟག་པས་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།
འགལ་བ་ (5)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འགལ་བའི་མཚན་ཉིད། མི་མཐུན་པར་གནས་པའོ། །དབྱེ་ན། ལྷན་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤང་འགལ། ཚད་མས་གནོད་འགལ་དང་གསུམ། ཞེས་གསུངས།
འགལ་བ་ (1)
Part of speech མཚུངས་ཚིག
Definition མཚུངས་པ་གསལ་བྱེད་ཀྱི་སྒྲ་སྡེ་ཚན་དང་པོའི་ནང་གསེས་བཅུ་དྲུག་པ་སྟེ། དཔེ་དོན་གསལ་བར་བྱེད་པའི་ཚིག་གྲོགས་ཡིན། འདི་ལ་འགྲན་པ་ཡང་ཟེར།
Example དུང་དཀར་ཚང་གིས། རབ་འགྱེད་ཚ་ཟེར་རྟ་གདོང་མེ་ལ་འགྲན། །ཞེས་དང་། ཡང་། རབ་འགྱེད་ཚ་ཟེར་རྟ་གདོང་མེ་དང་འགལ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག