63251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་དེ། ཁྱོད་དེ་སྒྲུབ་ཀྱི་འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
Domain ཚད་མ།