63260

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་བའི་གཏན་ཚིགས་བཞི་ (1)
Part of speech མིང་ཚིག
Definition བརྗོད་འདོད་ཀྱིས་དབྱེ་ན་བཞི་འགལ་བ་དངོས་སུ་བརྗོད་པ། དཔེར་ན་མི་རྟག་པའི་སྒྲ་ཆོས་ཅན། རྟག་སྟེ་བྱས་པའི་ཕྱིར་ཞེས་དང༌། འགལ་བ་ཤུགས་ཀྱིས་བརྗོད་པ། དཔེར་ན་ནམ་མཁའ་ཆོས་ཅན། བྱེད་པ་པོ་ཡིན་ཏེ། དོན་བྱེད་ནུས་པས་སྟོང་པའི་ཕྱིར་ཞེས་དང༌། ཆོས་ཀྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ། དཔེར་ན་མིག་ལ་སོགས་པ་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་དང༌། ཆོས་ཅན་གྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ། དཔེར་ན་གཞན་གྱི་དོན་བྱེད་པའི་མིག་ལ་སོགས་པ་ཆོས་ཅན། ཡོད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་པ་སྟེ་བཞིའོ། །
Domain ཚད་མ།