63261
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟུགས་ཅན་ཉི་ཤུའི་ནང་གསེས་བཅུ་གཉིས་པ་སྟེ། དཔེ་ཅན་གྱི་དངོས་པོ་ཞིག་དཔེ་གང་ཡང་རུང་བ་ཞིག་གི་གཟུགས་སུ་བཀོད་དེ། དཔེ་ཅན་དེས་དཔེ་དེའི་བྱ་བ་མི་བྱེད་པ་དང་། དཔེ་དེས་དཔེ་ཅན་དེའི་བྱ་བ་མི་བྱེད་པ་སྟེ། དཔེ་དཔེ་ཅན་གྱིས་བྱ་བ་བྱེད་ཚུལ་འགལ་བར་སྟོན་པ་ཞིག་ཟེར། |
| Example | བོད་མཁས་པས། འཆི་མེད་གྲོང་ནས་ངལ་བས་མ་ཕབ་ཅིང་། །དབང་ཕྱུག་རལ་བའི་ལྟོ་བར་མ་བསྒྱིངས་པ། ། རྣམ་འདྲེན་ཁྱོད་གསུང་གངྒཱའི་ཆུ་རྒྱུན་འདིས། །གདུལ་བྱའི་རྨོངས་པ་མཐའ་དག་བཅད་ཅིང་བསྲེག། །ཅེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |