63262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་བའི་གསལ་བྱེད་ (1)
Part of speech མིང་ཚིག
Definition གསལ་བྱེད་རྒྱན་གྱི་ནང་གསེས་བཅུ་པ་སྟེ། གསལ་བྱེད་ཀྱི་ཚིག་གཅིག་གིས་གསལ་བྱ་འགལ་བའི་བྱ་བ་གཉིས་ཅིག་ཅར་དུ་བྱས་པ་སྟོན་པ་ཞིག་ལ་ཟེར།
Example བོད་མཁས་པས། གསེར་གྱི་འོད་ཆགས་མཚན་དཔེའི་དཔལ་རྫོགས་པ། །རྒྱལ་སྐུའི་སྣང་བརྙན་ཡིད་ལ་འཕོས་པའི་མོད། །དད་སྟོབས་འབར་བའི་སྤུ་ལོང་ཆེར་རྒྱས་ཀྱང་། །ཆགས་དང་སྐྲག་པའི་ལུས་སྐྱེས་ཉམས་པར་བྱས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག