63263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་བའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ལུས་ནི་རིང་ཐུང་ཆ་མི་སྙོམས། མཚན་དང་མི་ལྡན་འགལ་བའི་གྲོགས། ཞེེས་གསུངས་པས། དེ་ཡང་ལུས་ཀྱི་དབྱིབས་ངན་པ་རྐང་ལག་སོགས་རིང་ཐུང་མི་སྙོམས་པས། ལུས་ཀྱིས་དགེ་ལས་ཕྱག་བསྐོར་སོགས་བརྩོན་མི་ཐུབ་པའི་ལུས་ཀྱི་གཟུགས་བྱད་མཚན་དང་མི་ལྡན་པའི་བུད་མེད་རྟེན་ཅན་གྱི་གྲོགས་ལ་བྱའོ། །
Domain ཆོས་ལུགས།