63264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགལ་བའི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅུ་དགུ་པ་སྟེ། དཔེ་ཅན་གྱི་ཡོན་ཏན་ལ་བསྔགས་པའི་དཔེ་འགའ་ཞིག་བཀོད་ནས། དེ་དང་དཔེ་ཅན་རྣམས་ཕན་ཚུན་ཁྱད་ཆོས་ཀྱི་སྒོ་ནས་མཚུངས་པ་ལ། ངོ་བོའམ་རྣམ་པའི་ཆ་ནས་མི་འདྲ་བའི་ཁྱད་པར་ཁ་ཤས་ལས་འགལ་བ་ཡོད་པར་བརྗོད་པ་ཞིག
Example བོད་མཁས་པས། རབ་འབར་བསྐལ་པའི་ཞུགས་དང་རྟ་གདོང་རི། །ཁྲོ་བོའི་རྒྱལ་པོ་ཁྱོད་ཀྱི་རལ་ཚོགས་རྣམས། །གཅིག་ཀྱང་ཕན་ཚུན་རྣམ་པ་ཐ་དད་པའི། །ངང་ཚུལ་འདི་དང་འགལ་བར་བདག་སེམས་སོ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག