63284
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྲིན་བྱ་སྟེ་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་མིང་སྟེ། བྱ་སྒྲུང་ལས། འདབ་ཆགས་འཚོགས་ནས་བྱ་རྒྱལ་བསྐོ་བའི་འདུན་མ་བྱེད་པ་ལ། སྲིན་བྱ་མང་ཤོས་ཁུ་བྱུག་འབོད་དུ་ཕྱིན་པ་ལ། ཁུ་བྱུག་གིས་ཚོད་བགམ་དུ། ཁྱོད་ཀྱི་གཟུགས་ཆུང་ལུགས་སམ་དྲིས་པས། སྲིན་བྱ་ན་རེ། ང་ལ་སོ་གཞོན་ནས་སྐྱེ་འཕྲོ་ཡིན་པས་ལན་བྱས། ཁྱོད་ཀྱི་མགོ་ལེབ་ལེབ་ཉན་པ་ཅི་ཉེས། ན་སོ་རྒས་ནས་ལོ་མང་ལོན་པས་ལན་བྱས། མིག་སེར་བ་ཅི་ཉེས། ངས་མར་ཁུ་དག་འཐུང་བས་ལན་བྱས། འོ་ན་རྐང་ལག་སེར་ཁ་མང་དོན་ཅི། ཞག་ཉ་མིག་ཙམ་ཁ་ལ་མ་ཡོང་བས་ལན་བྱས། ཁྱོད་ཉིན་པར་ཡིབས་ནས་བསྡད་པ་ཅིས་མ་རུང་། ང་མི་གཅིག་པུར་སོང་བས་སྲོག་ཟོན་པ་ཡིན། ཁྱོབ་ནུབ་མོ་ཁུ་ཏང་བསྒྲགས་ནས་ཅི་བྱས། ང་ལ་ཕ་ཚན་དང་སྤུན་ཟླ་མང་བས་འབོད་བརྡ་བརྒྱབ་པ་ཡིན་བྱས། དེ་ནས་ཁུ་བྱུག་ན་རེ། ཁྱོད་ཀྱི་རྫུན་འཕོངས་ཁྱོད་རང་བསྟན། དྲིས་ལན་ཡིད་ཆེས་རང་མ་བྱུང་། སྔ་ཚིག་ཕྱི་འགལ་ཡ་རེ་མཚན། ང་ནི་མི་འགྲོ་ཁྱོད་རང་སོང་། །ཞེས་སྐད། |
| Type | མངོན་བརྗོད། |