6330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅོད་མཚམས་ཐ་དད་མིན་པའི་སྦྱར་བ་ (1)
Part of speech མིང་ཚིག
Definition སྦྱར་བའི་རྒྱན་གྱི་ནང་གསེས་དང་པོ་སྟེ། ཚིག་སྦྱོར་གང་དུ་སྦྱར་གཞི་དང་སྦྱར་ཆོས་གཟུགས་གཅིག་ཅིང་གཅོད་མཚམས་ཀྱང་གཅིག་པའི་སྒོ་ནས། སྦྱར་གཞི་མི་འདྲ་བར་སྦྱར་ཆོག་པའི་རྒྱན་ཞིག་ཡིན། འདི་ལ་ཚིག་ཐ་དད་མིན་པའི་སྦྱར་བ་ཡང་ཟེར།
Example བོད་མཁས་པས། གཉིས་སྐྱེས་ཚོགས་ཀྱི་དབུས་ན་མངོན་མཐོ་བ། །མགྲིན་སྔོན་ཅན་གྱི་གཙུག་ཕུད་ལ་གནས་པའི། །ཡིད་འོང་འོད་ཀྱི་ཐིག་ལེ་གསར་ཆགས་པ། །དཔལ་འདི་འཇིག་རྟེན་ཀུན་གྱི་ཡི་གར་འོང་། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག