63308

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགུག་འདྲེན་སྒྲོལ་བའི་ཕྱག་ཆར་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྟན་འགྲོ་ལ་རབ་ཏུ་འཚེ་བའི་བདུད་སྲིན་དྲེགས་ཅན་རྣམས་བསད་དང་ཟློག་པའི་ལས་སྦྱོར་གྱི་སྐབས་སོགས་སུ། ཡི་དམ་གྱི་ལྷ་དང་སྒྲུབ་པའི་གཤེན་པོ་དག་གིས་འགུགས་སྒྲོལ་གྱི་ཡོ་བྱད་དྲག་པོའི་ཕྱག་མཚན་ལ་སྤྱོད་ཅིང་བསྣམས་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་འཛིན། འགུགས་འདྲེན་སྒྲོལ་བའི་ཕྱག་ཆར་བསྙེན། ཞེས་པས། དེ་ལ་ཡང་ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོགས་འདི་རྣམས་ཀྱང་ཡི་དམ་གྱི་ལྷ་དང་སྒྲུབ་པའི་གཤེན་པོ་རྣམས་ཀྱིས་ཕྱག་མཚན་དུ་བསྣམས་ཤིང་། བསྒྲལ་བའི་ཞིང་མ་རུང་བདུད་སྲིན་དྲེགས་པ་ཅན་དག་འགུགས་པ་དང་སྒྲོལ་བར་མཛད་པའི་དོན་ནོ། །དེ་ལ་ཡང་གསང་བའི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ཚུལ་དེ་དག་ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།