63400

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོག་པ་ཤེས་པ་ (1)
Part of speech མིང་ཚིག
Definition ཤེས་པ་བཅུའི་གྲས་ཤིག་སྟེ་ཁམས་གོང་འོག་གི་འགོག་བདེན་རྟོགས་པར་བྱེད་པའི་ཤེས་པ། དེའི་དམིགས་པ་དང་རྣམ་པ་ནི་འགོག་པ་སོགས་འགོག་བདེན་གྱི་རྣམ་པ་བཞིའོ། །དེའི་ངོ་བོ་ནི་དགེ་བ་འབའ་ཞིག་གོ ། གཞན་ཡང་འདི་ཉིད་ཀྱི་ས་ནི་བསམ་གཏན་བཞི་དང་མི་ལྕོགས་མེད་པ་དང་བསམ་གཏན་ཁྱད་པར་ཅན་ཏེ་དྲུག་པོ་དེ་དང་གཟུགས་མེད་དང་པོ་གསུམ་སྟེ་དགུ་ན་ཡོད་ལ། འདི་ནི་དྲན་པ་ཉེར་གཞག་བཞི་ལས་ཆོས་དྲན་ཉེ་ཁོ་ན་ཡིན་ནོ། །དེ་ཡང་ཁམས་གསུམ་པའི་རྟེན་ཅན་ཡིན་ནོ། །འགོག་པ་ཤེས་པ་འདིའི་དམིགས་པ་ནི་ཤེས་བྱ་ཐམས་ཅད་མིན་ཏེ། དེ་ནི་སོ་སོར་བརྟགས་འགོག་ཁོ་ན་ལ་དམིགས་ལ་དེ་ནི་ཤེས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཡང་འདིས་ཤེས་བྱའི་ཆོས་ཐམས་ཅད་ཆོས་བཅུར་དབྱེ་བ་ལས་གཅིག་ལ་དམིགས་པར་བྱེད་དེ། འདུས་མ་བྱས་དགེ་བ་གཅིག་པུའོ། །
Domain ཆོས་ལུགས།