63402

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོག་པའི་གཟུགས་ཅན་ (1)
Part of speech མིང་ཚིག
Definition གཟུགས་རྒྱན་ཉི་ཤུའི་ནང་གསེས་བཅུ་བདུན་པ་སྟེ། དཔེ་ཅན་གྱི་དངོས་པོ་ཞིག་དཔེ་གང་གི་གཟུགས་སུ་བཀོད་པ་དེ་དགག་བྱ། དེ་འགོག་བྱེད་ནི་དཔེ་ཅན་རང་གི་བྱ་བའམ་ཁྱད་ཆོས་དེ། དཔེ་དང་མི་མཐུན་པར་བརྗོད་ནས། གང་གི་གཟུགས་སུ་བཀོད་པ་དེ་དང་མཚུངས་པ་འགོག་པར་བྱེད་པ་ཞིག་ལ་ཟེར།
Example བོད་མཁས་པས། རྣམ་པར་འདྲེན་མཆོག་ཁྱོད་ཀྱི་ཡེ་ཤེས་འཕྲུལ། །མ་ཉམས་སྙིང་རྗེའི་ཟླ་ཚེས་འཛུམ་རླབས་ཀྱིས། །འདོད་པའི་དབང་ཕྱུག་སྙིང་ལ་བརྣག་དཀའི་མུན། །སྟེར་ཕྱིར་ཟླ་བའི་དངོས་པོར་གང་གིས་འགྲུབ། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག