From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགོག་པའི་རྣམ་ཐར་ (1)
| Part of speech
|
མིང་ཚིག
|
| Definition
|
རྣམ་ཐར་བརྒྱད་ཀྱི་ནང་གསེས། སེམས་སེམས་བྱུང་ཉེ་བར་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་འདུ་ཤེས་དང་ཚོར་བ་རགས་པ་འགོག་པའི་རྣམ་ཐར་རོ། །དེ་ཡང་འདུ་ཤེས་དང་ཚོར་བའམ། འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །དེ་ལ་གཞན་དག་ན་རེ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ་ཞེས་ཟེར་རོ། །འགོག་པ་དེ་ལ་འཇུག་པའི་སེམས་ནི་ཁམས་གསུམ་ན་ཤིན་ཏུ་ཕྲ་བ་སྲིད་རྩེ་ཡིན་ལ་དེ་ཉིད་ཀྱང་འགོག་པ་ལ་དམིགས་ནས་ཆེས་ཕྲ་བར་བྱས་པའི་མཇུག་ཐོགས་སུ་སྙོམས་པར་འཇུག་སྟེ་སེམས་རྒྱུན་གཅོད་དགོས་པའི་ཕྱིར་རོ། །ལྡང་བ་ན་ནི་འཕེན་པ་ཇི་ལྟ་བ་བཞིན་དུ་སྲིད་རྩེ་རང་གི་ས་པའི་དག་པ་པ་དང་འོག་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་འཕགས་པ་ཟག་པ་མེད་པའི་སེམས་ཀྱིས་འགོག་པ་དེ་ལས་ལྡང་བར་འགྱུར་ཏེ། དེ་ལྟར་ན་འགོག་པའི་སྙོམས་འཇུག་དང་དེ་ལ་སྙོམས་པར་འཇུག་སེམས་ནི་སྲིད་རྩེ་བ་ཡིན་པས་ཟག་བཅས་ཁོ་ན་ཡིན་ལ། ལྡང་སེམས་ནི་ཟག་བཅས་ཟག་མེད་གཉིས་ཀ་ཡིན་ནོ། །
|
| Domain
|
ཆོས་ལུགས།
|
འགོག་པའི་རྣམ་ཐར་ (2)
| Part of speech
|
མིང་ཚིག
|
| Definition
|
འགོག་པའི་རྣམ་ཐར་གྱི་མཚན་ཉིད་ནི། འགོག་པའི་སྙོམས་འཇུག་གང་ཞིག མི་མཐུན་ཕྱོགས་ཀྱིས་ཉམས་པ་ལས་གྲོལ་བའི་རྣམ་ཐཪ་རོ། །ཕྱི་མ་ལྔ་པོ་འདི་ལ་སྙོམས་འཇུག་དང་། རྣམ་ཐཪ་གྱི་ཁྱད་པར་ནི་སྙོམས་འཇུག་གཞིར་གཞག་པ་ལ་མི་མཐུན་ཕྱོགས་ཀྱིས་ཉམས་མི་སྲིད་པ་ནི་རྣམ་ཐཪ་དུ་འཇོག་པ་གནད་ཀྱི་དོན་ཏོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། ཚོར་འདུ་རགས་པ་ཞི་བའི་ལམ་གྱི་རང་བཞིན་དེ། འགོག་པའི་རྣམ་ཐར་གྱི་མཚན་ཉིད། དེ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་གཅིག་པུ་ལ་བྱའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|