63413

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོག་པའི་ལྡོག་པ་ཅན་ (1)
Part of speech མིང་ཚིག
Definition ལྡོག་པ་ཅན་གྱི་ནང་གསེས་བཞི་པ་སྟེ། བརྗོད་འདོད་ཀྱི་དཔེ་དང་དོན་གཉིས་ཆོས་མང་པོའི་སྒོ་ནས་མཚུངས་པར་བརྗོད་ནས། སླར་ཡང་དཔེ་ལ་ཡོད་ཅིང་དོན་ལ་མེད་པའི་ཁྱད་ཆོས་གཅིག་གི་སྒོ་ནས་དེ་གཉིས་མཚུངས་པར་འགོག་པ་ཞིག་ཡིན།
Example བོད་མཁས་པས། མཐོན་པོར་གནས་ཀྱང་དམན་པའི་ཡུལ་ལ་བྱམས། །དུས་ལས་མི་ཡོལ་གཞན་དོན་ལ་དགྱེས་ཀྱང་། །རང་ཉིད་མི་མཐུན་ཕྱོགས་ལས་མ་རྒྱལ་བས། །ཉིན་མོར་བྱེད་པས་ཁྱོད་ལ་འགྲན་ནུས་མིན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག