63440

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོང་ (1)
Part of speech བྱ་ཚིག
Definition ཞུམ་པ་དང༌། ཞེད་པ། སྐྲག་པ། ཟིལ་གྱིས་ནོན་པ་བཅས་ཀྱི་དོན།
Type བརྡ་རྙིང་།
Transitive བྱ་བྱེད་ཐ་མི་དད་པ།
Future [འགོང་།, ང་ཡ་བའི་གནས་སུ་སེམས་འགོང་སྲིད།]
Present [འགོང་།, འོད་གཞན་འགོང་བྱེད་ཉི་མའི་འོད་ཡིན།]
Past [འགོངས།, སེམས་འགོངས་ནས་ལས་ཀ་བྱེད་མ་ནུས་ལྟ་བུ།]
འགོང་ (2)
Part of speech བྱ་ཚིག
Definition ཁྲིམས་དང་ལུགས་སྲོལ་སོགས་ཀྱི་མཚམས་ལས་འདས་པའི་དོན།
Future [འགོང་།, རྒྱལ་ཁྲིམས་ལས་འགོང་ན་ཉེས་པ་ཡོང་།]
Present [འགོང་།, བཀའ་རྒྱ་ལས་འགོང་མཁན་སུ་ཡོད།]
Past [འགོངས།, ཁྲིམས་ལས་འགོངས་ནས་ཆད་པ་བཅད་ལྟ་བུ།]
འགོང་ (3)
Part of speech བྱ་ཚིག
Definition འབྲུ་དངུལ་སོགས་ལས་མི་མངོན་པར་ཉུང་དུ་ཕྱིན་པའི་དོན།
Future [འགོང་།, འབྲུ་སྐམ་ན་སྲང་ཁར་འགོང་འགྲོ།]
Present [འགོང་།, ཟས་འགོང་བཞིན་པ་ཤེས་མེད།]
Past [འགོངས།, ཤིང་ཏོག་རྣམས་ཡུན་རིང་བཞག་པས་ཧ་ཅང་འགོངས་འདུག་ལྟ་བུ།]
འགོང་ (4)
Part of speech བྱ་ཚིག
Definition འགྲན་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [འགོང་།, སྲིན་བུ་མེ་འཁྱེར་གྱིས་ཉི་ཟླར་འགོང་འདོད་སྐྱེས།]
Present [འགོང་།, མེ་ཏོག་གི་མཛེས་སྡུག་ལ་འགོང་མཁན་གྱི་མཛེས་མ།]
Past [འགོངས།, ཟླ་བར་འགོངས་ནས་ང་རྒྱལ་སྐྱེས།]
Imperative [༢འགོངས།, སྤོབས་པ་ཡོད་ན་དགྲ་ལ་འགོངས་ཤིག་ལྟ་བུ།]