63469
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཞིག་སྟེ། ཕྱི་ལོ་དུས་རབས་བརྒྱད་པའི་དུས་མགོ་ཙམ་ལ་འཁྲུངས། བློན་པོ་འདིས་དཔྱ་ཁྲལ་འུལ་ལག་གི་ལམ་ལུགས་ལེགས་བཅོས་དང་། བཀའ་ཁྲིམས་ཞལ་ལྕེ་སྟེ། གསོས་ཐང་སྟོང་ཐང་གི་ཞལ་ལྕེ་དང་། གཉེན་བྱེ་བྲལ་གྱི་ཞལ་ལྕེ། བསྙོན་ཐོལ་དཀར་མིའི་ཞལ་ལྕེ་སོགས་བྱང་བུ་ཆ་དགུར་གྲགས་པའི་དམངས་ཁྲིམས་དོན་ཚན་བཅོ་བརྒྱད་གཏན་ལ་ཕབ་པས། བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་གྱི་ཡ་གྱལ་དྲུག་པ་ཡིན། གཞན་ཡང་ལོ་རྒྱུས་ཀྱི་ཡིག་ཆ་འགར་བློན་པོ་འདིའི་འཕྲུལ་ཐབས་ཀྱིས་ཁྲི་སྲོང་ལྡེ་བཙན་སྐུ་ན་གཞོན་དུས་ཆོས་ཁྲིམས་བཤིག་མཁན་གྱི་གཏེ་བོ་བློན་པོ་མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག་ཚུལ་ཡང་འབྱུང་། |