63473
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་སྟོད་དུ་གཙང་རྟ་ནག་ཕུའི་ཁུག་པར་ཡབ་འགོས་བཙུན་ཆུང་གི་སྲས་སུ་འཁྲུངས། མར་པ་ཆོས་ཀྱི་བློ་གྲོས་དང་དུས་མཉམ། བོད་ཡུལ་ནས་ཐོག་མར་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་སློབ་དཔོན་ཞི་བ་བཟང་པོ་དང་། སྒྲ་གཅན་འཛིན་བཟང་སོགས་པཎ་གྲུབ་དོན་གཉིས་བསྟེན། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་བྱང་བའི་ལོ་ཙཱ་བ་ཞིག་ཡིན། བསྟན་པ་ཕྱི་དར་གྱི་ཆོས་ལོག་སུན་འབྱིན་པ་ལ་ལོ་ཆེན་རིན་ཆེན་བཟང་པོའི་རྗེས་སུ་འདི་ཉིད་བཀའ་དྲིན་ཆེ། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལེའུ་ལྔ་བཅུ་བ་དང་། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་རྒྱུད། བསྟན་འགྱུར་ལས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ། དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ། རོ་སྲེག་གི་ཆོ་ག ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ། བདེ་མཆོག་གི་སྦྱིན་སྲེག་ཆོ་ག དཔལ་གདན་བཞི་པའི་སྒྲུབ་ཐབས། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག གཏོར་མའི་ཆོ་ག ཡན་ལག་བདུན་པ། ཤོ་ལོ་ཀ་བཞི་བརྒྱ་ཉི་ཤུ་རྩ་ལྔ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ། ཤེས་རབ་ཀྱི་འཕྲིན་ཡིག དབུ་མ་ཤེས་རབ་ལ་འཇུག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བཅས་ཆོས་ཚན་དོན་གསུམ་དང་། གསུང་རྩོམ་ནི་སྟོང་ཐུན་བཅས་བཞུགས། |