63474

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོས་ལོ་གཞོན་ནུ་དཔལ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཆུ་སྤྲེལ་ཕྱི་ལོ་ ༡༣༩༢ ལོར་ལྷོ་ཁ་འཕྱོངས་རྒྱས་ཁུལ་དུ་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་། ཡུམ་སྲིད་ཐར་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་སྤྱན་གཡས་མཁན་པོ་སངས་རྒྱས་དཔལ་བ་ལས་རབ་ཏུ་བྱུང་། སློབ་དཔོན་ཤེས་རབ་དར་རྒྱས་ལས་སྤྱོད་འཇུག་སོགས་གསན། བཅུ་གཉིས་པར་རྩེད་ཐང་མཁན་པོ་བསམ་བཟང་པ་ལས་ཚད་མ་རྣམ་འགྲེལ་དང་། སྟོན་པ་ཤཱཀྱ་པ་ལས་ཕར་ཕྱིན་དང་བྱམས་ཆོས་སྡེ་ལྔ། འཕན་པོ་ཐང་སག་གི་མཁས་པ་ཡེ་ཤེས་རྒྱལ་མཚན་ལས་དབུ་མ་རིགས་ཚོགས་དྲུག་གི་སྐོར། སྐྱོར་མོ་ལུང་དུ་དགེ་བཤེས་བསྟན་འཛིན་དོན་གྲུབ་ལས་འདུལ་བ་དང་མངོན་པ་གོང་འོག རྒྱལ་བ་ཀརྨ་པ་དེ་བཞིན་གཤེགས་པ་ལས་སེམས་ཁྲིད་དང་ནཱ་རོ་ཆོས་དྲུག གུང་སྣང་ཆོས་རྗེ་མཛེས་པ་དཔལ་ལས་བདེ་མཆོག་གི་སྐོར་གསན། ཉེར་བཞི་པར་རྗེ་ཙོང་ཁ་པ་ལས་བཀའ་གདམས་ལམ་རིམ་དང་། དབུ་མ། ནཱ་རོ་ཆོས་དྲུག་བཅས་གསན། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོར་བསྟེན། རྟ་ནག་གི་ཆོས་རྗེ་སྒྲོལ་བ་དང་། རྒོད་ཕྲུག་རས་པ་གཉིས་ལས་རྙིང་མའི་ཆོས་སྐོར་མང་པོ་དང་། རོང་སྟོན་ཤཱཀྱ་རྒྱལ་མཚན་ལས་ས་སྐྱའི་ཆོས་སྐོར། ཀརྨ་པ་ཞྭ་དམར་ནག་གཉིས་ལས་དྭགས་པོ་བརྒྱུད་ཀྱི་ཆོས་སྐོར་བཅས་གསན། སྐྱང་ཆེན་པ་ཤཱཀྱ་ཤྲཱི་ལས་དུས་འཁོར་རྒྱུད་འགྲེལ་སྐར་རྩིས་དང་། སྣར་ཐང་ལོ་ཙཱ་བ་སདྒ་ཤྲཱི་ལས་སྒྲ་རིག་པ་གསན། བླ་མ་དྲུག་ཅུ་ལྷག་ལ་བསྟེན་ནས་མདོ་སྔགས་རིག་གནས་མཁས་པར་སྦྱངས། ཞེ་གཉིས་པར་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ལས་ལོ་ལྔ་ཙམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་སྐད་བསྒྱུར་ཡང་ཐོགས་མེད་དུ་མཁྱེན། བོད་དུ་བཞུགས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདས། རབ་བྱུང་བརྒྱད་པའི་ལྕགས་གླང་ཕྱི་ལོ་ ༡༤༨༡ ལོར་སྐུ་གཤེགས། གསུང་རྩོམ་ནི་ཁྱོན་པོད་བཅུ་བཞུགས་པ་ལས་གྲགས་ཆེ་བ་ནི་དུས་འཁོར་རྒྱུད་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས་འཁྲུལ་སེལ། རྒྱུད་བླ་མའི་འགྲེལ་བཤད་ཆེན་མོ། ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བཤད། དེབ་ཐེར་སྔོན་པོ་བཅས་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་བསྟན་པའི་གཏད་རབས་ཆ་མི་ཚང་བ་དང་། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་བཅས་ཡིན།
Synonyms ཡིད་བཟང་རྩེ་བ།

{{#arraymap:འགོས་ལོ་གཞོན་ནུ་དཔལ་

|; |@@@ | | }}