63476
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་དགུ་པའི་འགོར་བཞད་མཐོང་སྨོན་དུ་འགོས་ཀྱི་རིགས་ལས་འཁྲུངས། རབ་ཏུ་བྱུང་ཞིང་རྒྱ་དཀར་ནག་གཉིས་ཀའི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། ལྷག་ཏུ་དུས་རབས་དགུ་པའི་དཀྱིལ་དུ་ཏུན་ཧོང་སངས་རྒྱས་སྟོང་སྐུའི་བྲག་ཕུག་སོགས་སུ་བྱོན་ནས་རྒྱ་ཡིག་ལས་མདོ་མཛངས་བླུན་དང་། མདོ་སྡེ་ལང་ཀར་གཤེགས་པ་བོད་ཡིག་ཏུ་བསྒྱུར། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་གོ་ཆའི་བཀོད་པ་བསྟན་པའི་ལེའུ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ། མདོ་མཛངས་བློན། འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་དང་ཆོ་ག འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད། ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་གཟུངས། འཕགས་པ་ཞལ་བཅུ་གཅིག་པའི་རིགས་སྔགས་ཀྱི་སྙིང་པོ། བསྟན་འགྱུར་ལས་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བ་བཅས་བཞུགས། རྒྱ་ནག་གི་སྐད་དུ་མདོ་དང་བསྟན་བཅོས་མང་པོ་བསྒྱུར་བའི་མཚན་སྙན་ཧ་ཅང་ཆེ། |