63478
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ཕྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་ཤིང་། རབ་ཏུ་བྱུང་ཞིང་རྒྱ་གར་དང་རྒྱ་ནག་གཉིས་ཀའི་སྐད་ཡིག་མཁྱེན་པས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར། ལྷག་པར་དུ་ཕྱི་ལོའི་དུས་རབས་དགུ་པའི་དུས་དཀྱིལ་ཙམ་དུ་ཏུན་ཧོང་སངས་རྒྱས་སྟོང་སྐུའི་བྲག་ཕུག་སོགས་སུ་བྱོན་ནས་རྒྱ་ཡིག་ལས་མདོ་མཛངས་བླུན་སོགས་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་བོད་དང་རྒྱ་ནག་དུ་སྙན་གྲགས་ཆེ་བའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ མཛངས་བླུན་ཞེས་བྱ་བའི་མདོ་སོགས་མདོ་སྡེ་ཁག་མང་པོ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་པ་མ་ཟད། བོད་ཡིག་གི་མདོ་སྡེ་ཁག་མང་པོ་རྒྱ་ཡིག་ཏུའང་བསྒྱུར་པར་མ་ཟད། རྒྱ་བོད་ཀྱི་ས་མཚམས་སུ་ཕེབས་ནས་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་དམ་ཆོས་འཆད་རྩོམ་གྱི་འཕྲིན་ལས་རྒྱ་ཆེན་ཞིག་གནང་ཡོད། ཁོང་གི་བསྒྱུར་རྩོམ་ནི་བཀའ་འགྱུར་ལས་གོ་ཆའི་བཀོད་པ་བསྟན་པའི་ལེའུ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ། མདོ་མཛངས་བློན། འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ། །འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་དང་ཆོ་ག འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད། ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་གཟུངས། འཕགས་པ་ཞལ་བཅུ་གཅིག་པའི་རིགས་སྔགས་ཀྱི་སྙིང་པོ། བསྟན་འགྱུར་ལས་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བ་བཅས་བཞུགས་སོ། ། |