63482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྱང་རོ་འཇིགས་མེད་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༧༧༣ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་བྱམས་པ་དང་། ཡུམ་དབལ་ཤུལ་བཟའ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ཕྱི་ལོ་ ༡༨༥༠ ལོར་སྐུ་གཤེགས། དགུང་ལོ་བཞི་པར་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ལས་དགེ་པར་བསྙེན་བསྒྲུབས། ཚེ་དབང་ཡང་ཞུས། བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་བཞུགས། དགུང་ལོ་བཅུ་གཉིས་པར་ཁ་གྱའི་དགོན་པའི་ཆོས་གྲྭར་ཞུགས། འབའ་རི་རྒྱལ་མཚན་ལས་བསྡུས་གཞུང་གསན། བཅུ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞུགས། གཞུང་ལྔ་ལ་ཐུགས་བརྩོན་གནང་། ལྷ་རམས་པའི་མཚན་བཏགས་བཞེས། གུང་ཐང་འཇམ་དབྱངས་ལས་དགེ་སློང་བསྒྲུབས། མཚན་ལ་འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་གསོལ། བླ་བྲང་གི་རྒྱུད་པའི་ཁྲི་དང་། ཁ་གྱའི་སྒར། རྒན་གྱའི་བྲག་དཀར་རྣམས་ཀྱི་ཁྲི་བ་མཛད། རྒྱུད་པའི་ཁྲི་ཟུར་རྗེས་ཀུན་གཟིགས་མཆོག་གདན་འདྲེན་ཕྱིར་དབུས་གསུ་བྱོན། རབ་བྱུང་བཅུ་བཞི་པའི་ཆུ་བྱ་ཕྱི་ལོ་ ༡༨༡༣་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ཁྲིར་ཕེབས། འཛིན་སྐྱོང་མི་ཉམས་པའི་སྟེང་དུ་འདུ་ཁང་ཆེན་མོར་བཟང་གོས་གྱི་བླ་བྲེ་དང་། གསེར་ཟངས་ལས་གྲུབ་པའི་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་སྐུ་བརྙན་སྦྱོར་འཇགས་གནང་། ཁྲི་ཟུར་ནས་ཨུརྒེ་གྲྭ་ཚང་དང་ཚ་གན་པེ་ཤིང་གི་བླ་མར་ཕེབས། མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་དྲུག་པ་ཡིན།