6357
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རི་དྭགས་ཀྱི་རིགས་ཤིག་སྟེ། ལུག་ཐུག་ལས་གཟུགས་སྟོབས་ཆེ་ཞིང་ལུས་སྦོམ། སྐེ་སྦོམ་ཞིང་ཐུང་བ། སོག་མགོ་ལས་འཕོངས་མགོ་མཐོ། རྣ་བ་ཆུང་བའི་ནང་ངོས་དཀར་པོ་ཡིན། མཇུག་མ་ཐུང་བའི་སྤུ་མདོག་ཁམ་སྐྱ་ལ་གཞུང་ཐིག་ནག་པོ་ཡོད། ལུས་སྤྱིའི་སྤུ་མདོག་ཀྱང་ཁམ་སྐྱ་ཡིན་ཞིང་ཨོག་མའི་འོག་ཏུ་སྤུ་དང་སྨ་ར་མེད། རྩིབ་ལོགས་གཡས་གཡོན་གཉིས་ཀྱི་སྤུ་མདོག་སྐྱ་བོ་ཡིན། མཆུ། འགྲམ་པ། ཨོག་མ། མཆན་འོག་ཀུན་སྐྱ་བོ་ཡིན། སུག་བཞི་སྟེ་རྐང་ལག་ཅུང་རིང་ཞིང་པུས་མོ་ནས་སྲེ་ལོང་མཚམས་བར་གྱི་སྤུ་དཀར་པོ་ཡིན། བྲང་གཞུང་གི་སྤུ་མདོག་ཁམ་སེར་དང་སྦོའི་ལོགས་སུ་སྐྱེས་པའི་སྤུ་ཡང་དཀར་པོ་ཡིན། རྭ་དཀར་པོ་སྦོམ་ལ་རྟིང་པ་དེ་བས་སྦོམ་ཞིང་ལོ་ཇེ་ཆེར་སོང་བ་དང་རྭ་ཡང་དེ་བཞིན་སྦོམ་དུ་འགྲོ་བས་ཁྲོ་གཉེར་ལྟ་བུའི་གཉེར་མ་གསལ་པོ་མངོན་པའི་རྭ་དེ་ནང་དུ་འཁོར་ཞིང་འཁྱིལ་བའི་རྩེ་རྣོ་བར་གཉེར་རིས་མེད་པ་ཕྱིར་བསྟན་ནས་ཡོད། རྒྱུན་དུ་ནགས་རི་མ་ཡིན་པའི་རི་མཐོའི་གཡའ་སྤང་གི་མཚམས། རི་མ་ཐང་། རི་སུལ་སོགས་སུ་འཚོ་གནས་བྱེད། དགུན་དུས་ལུང་པའི་ཕུའི་ས་བབ་ཅུང་ཟད་དྲོ་ཞིང་གངས་མང་པོ་མི་འབབ་པའི་ས་ཁུལ་དུ་ཉུང་ཤས་རེ་མཉམ་དུ་རྒྱུ་བ་མ་གཏོགས་ཕལ་ཆེར་རི་ལ་སྡོད་པར་དགའ། སྣ་དང་རྣ་བའི་ཚོར་ཤེས་རྣོ། ཟས་སུ་རྩྭ་ལྡུམ་གྱི་རིགས་བཟའ། དགུན་མཇུག་ཏུ་ཕོ་མོ་འཁྲིག་སྦྱོར་བྱེད། མངལ་སྦྲུམ་གྱི་ཡུན་ཚད་ཟླ་བ་ལྔ་ཙམ་ཡིན། བཙའ་ཐེངས་རེར་ཕྲུག་གུ་གཅིག་བཙའ་ཞིང་འགའ་རེར་ཐེངས་རེར་ཕྲུ་གུ་མཚེ་མ་བཙའ་བའང་ཡོད། |
{{#arraymap:གཉན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་ཀླུའི་ཁོངས་གཏོགས་ཤིག་སྟེ། ས་ཆུ་རི་བྲག་སོགས་ངེས་མེད་གར་ཡང་གནས་འཆའ་བའི་གཉན་དུང་མགོ་གཡུ་ཡི་སྨིན་མ་ཅན་སོགས་ཉི་ཟླ་གཟའ་སྐར་ནུབ་ཏུ་འདྲེན་པ་དང་། ལྷོ་སྤྲིན་བྱང་དུ་འདྲེན་པ་བཅས་ཀྱི་ལེགས་ཉེས་མང་པོ་སྟོན་ནུས་པ་ཞིག་གོ ། |
Domain | ཆོས་ལུགས། |
{{#arraymap:གཉན་
|; |@@@ | | }}
Part of speech | རྒྱན་ཚིག |
---|---|
Definition | གཉན་པོ་ཡི་བསྡུས་མིང་སྟེ། ཤིན་ཏུ་བཀའ་བཙན་པ་དང་ཉེན་ཆེ་བའི་དོན་ཏེ། |
Example | གསང་སྔགས་ཀྱི་དམ་ཚིག་ཧ་ཅང་གཉན། བླ་མའི་བཀའ་གཉན་ལྟ་བུ། |
{{#arraymap:གཉན་
|; |@@@ | | }}