63573
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔར་ལས་ཀ་བྱས་ཉེས་ཤོར་བའམ་བྱ་འོས་པའི་ལས་ཀ་མ་བྱས་པར་བརྟེན་སེམས་མི་སྐྱིད་པར་གྱུར་པ། |
Example | སྐད་ཆ་བཤད་ཉེས་ཤོར་བར་འགྱོད་པ་སྐྱེས། འདས་པའི་བྱ་བ་ལ་འགྱོད་པ་མ་བྱེད་ལྟ་བུ། |
Synonyms | རྗེས་སུ་གདུངས་པ། རྗེས་སུ་གཅགས་པ། རྣམ་པར་སྙིལ་བ། |
{{#arraymap:འགྱོད་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། འགྱོད་པ་ནི་ངན་པར་བྱས་པ་ལ་དམིགས་པའི་ཡིད་ལ་གཅགས་པ་ཡིན་ལ། དགེ་བ་ལ་འགྱོད་པ་ལའང་ངན་པར་བློ་ལ་སྣང་བ་དང་། མ་བྱས་པ་ལ་འགྱོད་པའང་བྱ་བར་འོས་པ་མ་བྱས་པ་ལ་ངན་པར་བྱས་པའི་མིང་གིས་བརྗོད་པའི་ཕྱིར་མ་ཁྱབ་པ་མ་ཡིན་ནོ་ཞེས་འཆད་མོད་ཀྱི་དམིགས་པ་ལ་གནོད་པའི་ཡིད་ལ་གཅགས་པ་ཡིན་པར་རིགས་སོ། །ལས་ནི་སེམས་གནས་པའི་བར་དུ་གཅོད་པར་བྱེད་པའོ། །ཉི་འོག་བྱེ་བྲག་ཏུ་སྨྲ་བ་དང་སྡེ་པ་གཞན་དག་ནི་འགྱོད་པའང་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་དུ་འགྱུར་བ་སྲིད་པའི་ཕྱིར་གཉིད་དང་འདྲ་བར་འདོད་དེ། དེ་ལ་འགྱོད་པ་ལུང་མ་བསྟན་ནི་བྱས་པའམ་མ་བྱས་པ་ལ་ཡིད་ལ་གཅགས་པ་སྟེ་ངས་མ་ཞུ་བར་ཅིའི་ཕྱིར་ཟས་ཟོས་ཞེས་པའམ། རྩིག་པ་དེ་ལ་ཅི་སྟེ་རི་མོ་མ་བྲིས་སྙམ་པ་ཡིན་ལ། དེ་དང་མཚུངས་ལྡན་གྱི་ཡིད་མི་བདེ་བའང་ཡིད་བདེ་དང་འདྲ་བར་ལུང་མ་བསྟན་དུ་འདོད་དོ། །ཁ་ཆེ་བ་རྣམས་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་དང་། འདོད་ཆགས་དང་བྲལ་བ་ལ་ཡིད་མི་བདེ་མེད་པའི་ཕྱིར་འགྱོད་པ་ལུང་མ་བསྟན་ནི་མེད་དེ། ཡིད་མི་བདེ་བ་ནི་དགེ་བ་དང་མི་དགེ་བར་ངེས་པའི་ཕྱིར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འགྱོད་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འགྱོད་པ་ཞེས་པ་ནི། བྱ་བར་རིགས་པ་དང་བྱ་བར་མི་རིགས་པ་རང་གི་བསམ་བཞིན་དུ་བྱས་པའམ། གཞན་གྱི་ནན་གྱི་བྱེད་དུ་བཅུག་པ་ལ་བརྟེན་ནས་སླར་མི་འདོད་བཞིན་དུ་ཡིད་ལ་གཅགས་པར་བྱེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འགྱོད་པ་གང་ཞེ་ན། བསམས་པ་དང། མ་བསམས་པའི་བྱ་བ་དང། བྱ་བ་མ་ཡིན་པ་གང་ཡིན་པ་ལ་བརྟེན་ནས། དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་དང། དུས་དང། དུས་མ་ཡིན་པ་དང། རིགས་པ་དང་། མི་རིགས་པ་ལ་སེམས་ཀྱིས་ཡིད་ལ་གཅགས་པ་གཏི་མུག་གི་ཆར་གཏོགས་པ་སྟེ། སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་གསུངས། |
{{#arraymap:འགྱོད་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གཞན་འགྱུར་བཞིའི་ནང་གསེས། སྔར་བྱས་དགེ་བའི་ལས་ལ་ཡིད་མི་དགའ་བའི་ཤེས་པ་སེམས་གནས་པའི་བར་དུ་གཅོད་པའི་བྱེད་ལས་ཅན་ནོ། །འདི་ཉིད་སྒོམ་པས་སྤང་བྱ་ཁོ་ན་དང་རང་དབང་ཅན་ཡིན་ཏེ། སྒོམ་སྤང་གི་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཞན་ཡང་འདི་ཉིད་འདོད་པའི་ཁམས་ན་སྤྱོད་པ་ཁོ་ན་ཡིན་ལ། ངོ་བོ་ནི་མི་དགེ་བ་ཡིན་ནོ། ། |
{{#arraymap:འགྱོད་པ་
|; |@@@ | | }}