From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྱོད་པ་བསྐྱེད་པ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས་བྱུང་བ་སྟེ། བདག་ཉིད་ལ་གཞི་འདིས་ཚུལ་ཁྲིམས་ཉམས་པར་འགྱུར་རོ་སྙམ་པ། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གིས་སྨད་པར་འགྱུར་རོ་སྙམ་པ། ལྷ་དག་གིས་སྨད་པར་འགྱུར་རོ་སྙམ་པ། ཕྱོགས་དང་ཕྱོགས་མཚམས་དག་ཏུ་སྡིག་པ་ཅན་གྱི་སྐྱེ་བོས་གྲགས་པ་དང་སྒྲ་དང་ཚོགས་སུ་བཅད་པ་མ་ཡིན་པ་བརྗོད་པར་འགྱུར་རོ་སྙམ་པ། མི་དགེ་བའི་གཞི་འདིས་བདག་ལུས་ཞིག་ནས་ངན་སོང་དག་ཏུ་སྐྱེས་ན་མི་རུང་ངོ་སྙམ་འགྱོད་པ་སྐྱེས་པའོ། །
|
| Domain
|
ཆོས་ལུགས།
|
འགྱོད་པ་བསྐྱེད་པ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་ན། བདག་ཉིད་ལ་གཞི་དེས་ཚུལ་ཁྲིམས་དག་གིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ། གཞན་དང་ལྷ་དག་གིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ། སྟོན་པ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་པ་ཅན་གྱི་བསྔགས་པའི་གྲགས་པ་དང། སྒྲ་དང་ཚིགས་སུ་བཅད་པ་མངོན་པར་འཕེལ་བར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ། བདག་ལུས་ཞིག་ནས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པའོ། །
|