63575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྱོད་པ་བསྐྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
འགྱོད་པ་བསྐྱེད་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
འགྱོད་པ་བསྐྱེད་པའི་ལྟུང་བྱེད་ (3)
Part of speech མིང་ཚིག
Definition མདོ། འདུལ་བ། འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་འགྱོད་པ་བསྐྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་རྣམ་དག་གི་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་ཕམ་པར་འགྱུར་བ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པའི་དོན་གྱི་འགྱོད་པ་བསྐྱེད་ནའོ། །དགེ་སློང་ལའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་དགེ་སློང་གཞན་བསྙེན་པར་རྫོགས་པ་ལ་སོགས་པ་ཡིན་བཞིན་དུ་དེ་ལྟར་མ་ཡིན་ནོ་ཞེས་འགྱོད་པ་བསྐྱེད་པར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །འདི་ནི་འགྱོད་པ་བསྐྱེད་པར་བྱེད་པ་ཡིན་གྱི་འགྱོད་པ་བསྐྱེད་པ་ཡན་ལག་ཏུ་མི་དགོས་ཏེ། འགྱོད་པ་མ་སྐྱེས་ན་ཡང་ངོ་། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།