63578
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། བསླབ་པ་ལས་འགལ་བར་བྱས་པའི་དབང་གིས་བྱུང་བ། ཆོས་འདུལ་བ་ཁས་བླངས་པའི་དབང་གིས་བྱུང་བ། ཁྱིམ་སྤངས་པའི་དབང་གིས་བྱུང་བའོ། ། |
Domain | ཆོས་ལུགས། |
{{#arraymap:འགྱོད་པ་སྐྱེ་བ་རྣམ་པ་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། ༡ དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པ་ཉེས་པ་ཞིག་བྱས་སོ་ཞེའམ། མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་དགེ་བའོ། །ཡང་ན་སྦྱིན་པ་ལ་སོགས་པ་དགེ་བ་མ་བྱས་པ་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་དེ་དག་ནི་འགྱོད་པ་དགེ་བའོ། །༢ སྦྱིན་པ་ལ་སོགས་པའི་དགེ་བ་བྱས་པ་ལ་དགེ་བ་བྱས་པ་མ་ཡིན་པ་ཞིག་བྱས་སོ་ཞེའམ། ཉེས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་མི་དགེ་བའོ། །༣ བཙེམ་དྲུབ་ལ་སོགས་པའི་ལས་མ་བྱས་པ་མཚར་བྱས་ཤེ་འམ་དེ་དག་བྱས་པ་ཉེས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་ལུང་དུ་མ་བསྟན་པའོ། ། |
{{#arraymap:འགྱོད་པ་སྐྱེ་བ་རྣམ་པ་གསུམ་
|; |@@@ | | }}