63638
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤིན་པོ་གང་ཞིག་ཤི་དུས་དེར་སོན་པའི་ལོ་གྲངས་དང་། ཤར་བའི་གནམ་ལོ། ཁེལ་བའི་བབས་སྤར། བབས་པའི་ལོག་མེན། གཞན་ཡང་གཟའ་སྐར་སོགས་རང་ལ་རྩུབ་པའི་རིགས་ཁེལ་བ་ལ་འགྲམས་ཞེས་ཟེར་ཞིང་། དེ་བརྒྱད་ནི་བདུད་ཀྱི་ཁོག་འགྲམས་དང་། དྭ་ཟིན་སྙིང་འགྲམས། ལྕགས་བཞི་མེ་བརྒྱད་འགྲམས། ན་ཤི་དུར་འགྲམས། ཀུང་ཀུང་འགྲམས། གཟའ་སྐར་ངན་འགྲམས། དགུ་མིག་གྲངས་འགྲམས། རྐྱེན་འགྲམས་བཅས་ཡིན། གལ་སྲིད་དེ་ལྟའི་འགྲམས་ཆེན་མང་པོ་བྱུང་བ་ཡིན་ན། བཅོས་སུ་འབུམ་དང་། ཕྱོགས་བཅུའི་མུན་སེལ། གཟའ་ཡུམ་སྐར་ཡུམ། སྣང་བརྒྱད། བཀྲ་ཤིས་བརྩེགས་པ། རྡོར་གཅོད་སོགས་འུར་འདོན་དང་ཆོས་སྐོར་བྱ་དགོས། |
| Domain | རྩིས་རིག |